ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྨོ་ཞིང་བཟུང་སྤྱོད་ཁྲལ་བསྡུའི་བཅའ་ཁྲིམས།

ཐོ་འགོད་དུས་ཚོད།:2020-11-13  


ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྨོ་ཞིང་བཟུང་སྤྱོད་ཁྲལ་བསྡུའི་བཅའ་ཁྲིམས།

        དོན་ཚན་དང་པོ། ས་ཞིང་ཐོན་ཁུངས་ལུགས་མཐུན་ངང་བེད་སྤྱོད་དང་།ས་ཞིང་དོ་དམ་ལ་ཤུགས་སྣོན།རྨོ་ཞིང་སྲུང་སྐྱོང་བཅས་ཀྱི་ཆེད་དུ་ཁྲིམས་འདི་གཏན་དུ་ཕབ། 

 

དོན་ཚན་གཉིས་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་རྨོ་ཞིང་བཟུང་སྤྱོད་བྱས་ཏེ་ཁང་པ་དང་བཟོ་བཀོད་དངོས་པོ་བསྐྲུན་པའམ་ཞིང་ལས་མིན་པའི་འཛུགས་སྐྲུན་བྱེད་མཁན་སྡེ་ཚན་སྡོམ་གིས་རྨོ་ཞིང་བཟུང་སྤྱོད་དཔྱ་ཁྲལ་གྱི་ཁྲལ་འཇལ་མཁན་ལ་བཅའ་ཁྲིམས་འདིའི་གཏན་འཁེལ་ལྟར་རྨོ་ཞིང་བཟུང་སྤྱོད་དཔྱ་ཁྲལ་འཇལ་དགོས།

 

 རྨོ་ཞིང་བཟུང་སྤྱོད་བྱས་ནས་ཞིང་ཁའི་ཆུ་བེད་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་རྨོ་ཞིང་བཟུང་སྤྱོད་དཔྱ་ཁྲལ་མི་འཇལ་རྒྱུ། 

 

བཅའ་ཁྲིམས་འདིར་འཁོད་རྨོ་ཞིང་ཞེས་པ་ནི་ཞིང་ལས་སྐྱེ་དངོས་འདེབས་པར་སྤྱོད་རྒྱུའི་ས་ཞིང་ལ་ཟེར། 

 

དོན་ཚན་གསུམ་པ། རྨོ་ཞིང་བཟུང་སྤྱོད་དཔྱ་ཁྲལ་ནི་ཁྲལ་འཇལ་མཁན་གྱིས་དངོས་སུ་བཟུང་སྤྱོད་བྱས་པའི་རྨོ་ཞིང་གི་རྒྱ་ཁྱོན་དེ་ཁྲལ་རྩིས་རྒྱག་པའི་གཞི་འཛིན་སར་བྱས་ཏེ།གཏན་འཁེལ་ཀྱི་སྤྱད་འཐུས་ཁྲལ་གྲངས་ལྟར་ཐེངས་གཅིག་ལ་བསྡུ་བ་དང་།འཇལ་དགོས་པའི་ཁྲལ་འབབ་ནི་ཁྲལ་འཇལ་མཁན་གྱིས་དངོས་སུ་བཟུང་སྤྱོད་བྱས་པའི་རྨོ་ཞིང་གི་རྒྱ་ཁྱོནསྨི་གྲུ་བཞི་ཡིན། 

 

དོན་ཚན་བཞི་པ། རྨོ་ཞིང་བཟུང་སྤྱོད་དཔྱ་ཁྲལ་གྱི་ཁྲལ་འབབ་གཤམ་གསལ། 

གཅིགམི་རེར་ཆ་སྙོམས་སུ་རྨོ་ཞིང་མུའུ་གཅིག་ལས་མི་བརྒལ་བའི་ས་ཁུལ།རྫོང་དང་།རང་སྐྱོང་རྫོང་།ཆུས་བཙུགས་མེད་པའི་གྲོང་ཁྱེར།གྲོང་ཁྱེར་ཁོངས་གཏོགས་ཆུས་བཅས་སྡེ་ཚན་དུ་བྱས་ཏེ་གཤམ་དུའང་འདི་དང་མཚུངས།སྨི་གྲུ་བཞི་རེར་སྒོར་བཅུ་ནས་ལྔ་བཅུ་བར་བྱ་རྒྱུ་དང་། 

གཉིས།མི་རེར་ཆ་སྙོམས་སུ་རྨོ་ཞིང་མུའུ་གཅིག་ལས་བརྒལ་ཡང་མུའུ་གཉིས་ལས་མི་བརྒལ་བའི་ས་ཁུལ་ལ་སྨི་གྲུ་བཞི་རེར་སྒོར་བརྒྱད་ནས་བཞི་བཅུ་བར་ཡིན་པ། 

གསུམ།མི་རེར་ཆ་སྙོམས་སུ་རྨོ་ཞིང་མུའུ་གཉིས་ལས་བརྒལ་ཡང་མུའུ་གསུམ་ལས་མི་བརྒལ་བའི་ས་ཁུལ་ལ་སྨི་གྲུ་བཞི་རེར་སྒོར་དྲུག་ནས་སུམ་ཅུའི་བར་ཡིན་པ། 

བཞི།མི་རེར་ཆ་སྙོམས་སུ་རྨོ་ཞིང་མུའུ་གསུམ་ལས་བརྒལ་བའི་ས་ཁུལ་དུ་སྨི་གྲུ་བཞི་རེར་སྒོར་ལྔ་ནས་ཉི་ཤུ་རྩ་ལྔ་བར་ཡིན། 

ས་གནས་ཁག་གི་རྨོ་ཞིང་བཟུང་སྤྱོད་དཔྱ་ཁྲལ་གྱི་སྤྱད་འཐུས་ཁྲལ་འབབ་ནི་ཞིང་ཆེན་དང་།རང་སྐྱོང་ལྗོངས།ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་མི་རེའི་ཆ་སྙོམས་རྨོ་ཞིང་རྒྱ་ཁྱོན་སྡོམ་དཔལ་འབྱོར་འཕེལ་རྒྱས་བྱུང་ཚུལ་སོགས་ལ་གཞིགས་ཏེ་གོང་གསལ་ནང་གསེས་དོན་ཚན་གྱི་གཏན་འཁེལ་ཀྱི་ཁྲལ་འབབ་ཀྱི་ཚད་གཞིའི་ནང་བཏོན་ཏེ་རིམ་པ་གཅིག་མཚུངས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཐག་གཅོད་བྱ་རྒྱུར་འབུལ་རྒྱུ་དང་འབྲེལ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྡོམ་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཐོ་འགོད་སྙན་སེང་ཡང་ཞུ་རྒྱུ། ཞིང་ཆེན་དང་།རང་སྐྱོང་ལྗོངས།ཐད་སྐྱོང་གྲོང་ཁྱེར་བཅས་ཁག་གི་རྨོ་ཞིང་བཟུང་སྤྱོད་དཔྱ་ཁྲལ་གྱི་ཆ་སྙོམས་ཁྲལ་འབབ་ཀྱི་ཆ་སྙོམས་ཆུ་ཚད་དེ་བཅའ་ཁྲིམས་འདིའི་ཟུར་དུ་བཀོད་པའི་ཞིང་ཆེན་དང་།རང་སྐྱོང་ལྗོངས།ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་རྨོ་ཞིང་བཟུང་སྤྱོད་དཔྱ་ཁྲལ་གྱི་ཆ་སྙོམས་ཁྲལ་འབོར་རེའུ་མིག་ཅེས་པའི་གཏན་འཁེལ་གི་ཆ་སྙོམས་ཁྲལ་འབབ་ལས་ཉུང་མི་རུང་། 

 

དོན་ཚན་ལྔ་པ། མི་རེའི་ཆ་སྙོམས་ཀྱི་རྨོ་ཞིང་མུའུ་ཀླད་ཀོར་དང་གྲངས་ཆུང་ལྔ་ལས་ཉུང་བའི་ས་ཁུལ་དུ་ཞིང་ཆེན་དང་།རང་སྐྱོང་ལྗོངས།ཐད་སྐྱོང་གྲོང་ཁྱེར་བཅས་ཀྱིས་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་འགྲོ་ཚུལ་ལ་གཞིགས་ནས་རྨོ་ཞིང་བཟུང་སྤྱོད་དཔྱ་ཁྲལ་གྱི་སྤྱད་འཐུས་ཁྲལ་འབབ་མཐོ་རུ་འོས་འཚམ་བཏང་ཆོགའོན་ཀྱང་སྤར་བའི་ཆ་དེ་བཅའ་ཁྲིམས་འདིའི་དོན་ཚན་བཞི་པའི་ནང་གསེས་དོན་ཚན་གཉིས་པར་གཏན་འབེབས་བྱས་པའི་སྤྱད་འཐུས་ཁྲལ་འབབ་ཀྱི་བརྒྱ་ཆ་ལྔ་བཅུ་ལས་བརྒལ་མི་ཆོག ཞིབ་ཕྲ་སྤྱད་འཐུས་པའི་ཁྲལ་འབབ་ནི་བཅའ་ཁྲིམས་འདིའི་དོན་ཚན་བཞི་པའི་ནང་གསེས་དོན་ཚན་གཉིས་པའི་གཏན་འཁེལ་ཀྱི་གོ་རིམ་ལྟར་གཏན་འཁེལ་བྱ་རྒྱུ། 

 

དོན་ཚན་དྲུག་པ། གཞི་རྩའི་ཞིང་ཁ་བཟུང་སྤྱོད་བྱེད་སྐབས་བཅའ་ཁྲིམས་འདིར་འཁོད་དོན་ཚན་བཞི་པའི་ནང་གསེས་དོན་ཚན་གཉིས་པའམ་ཡང་ན་དོན་ཚན་ལྔ་པའི་ནང་གཏན་ལ་ཕབ་པའི་ས་གནས་དེ་གར་སྤྱད་འཐུས་པའི་ཁྲལ་འབོར་ནང་ནས་བརྒྱ་ཆ་བརྒྱ་དང་ལྔ་བཅུ་བསྣན་ཏེ་བསྡུ་དགོས། 

 

དོན་ཚན་བདུན་པ། དམག་དོན་གྱི་སྒྲིག་བཀོད་དང་། སློབ་གྲྭ། བྱིས་གསོ་ཁང་། སྤྱི་ཚོགས་ཀྱི་ཕན་བདེའི་ལས་ཁུངས། སྨན་བཅོས་ལས་ཁུངས་བཅས་ཀྱིས་རྨོ་ཞིང་བཟུང་སྤྱོད་བྱེད་སྐབས་རྨོ་ཞིང་བཟུང་སྤྱོད་དཔྱ་ཁྲལ་རྩ་ཆག་གཏོང་རྒྱུ། 

 

ལྕགས་ལམ་གྱི་ལམ་ཐིག་དང་།གཞུང་ལམ་གྱི་ལམ་ཐིགགནམ་གྲུ་འབབ་ཐང་གི་རྒྱུག་ལམ།གནམ་གྲུ་འཇོག་ས།གྲུ་ཁ།གྲུ་ལམ།ཆུ་བེད་ལས་གྲྭ་བཅས་ཀྱིས་རྨོ་ཞིང་བཟུང་བ་དང་སྨི་གྲུ་བཞི་རེར་སྒོར་གཉིས་ཀྱི་ཁྲལ་འབབ་ཉུང་དུ་བཏང་ནས་རྨོ་ཞིང་བཟུང་སྤྱོད་དཔྱ་ཁྲལ་བསྡུས་པ་རེད། 

 

གྲོང་གསེབ་ཀྱི་ཡུལ་མིས་གཏན་འཁེལ་སྤྱོད་སའི་ཚད་གཞིའི་ནང་ཚུན་རྨོ་ཞིང་བཟུང་ནས་རང་སྤྱོད་སྡོད་ཁང་གསར་སྐྲུན་བྱེད་པར་ས་གནས་དེ་གའི་སྤྱད་འཐུས་ཁྲལ་གྲངས་ལ་གཞིགས་ཏེ་རྨོ་ཞིང་བཟུང་ཁྲལ་ཕྱེད་ཀ་བཅག་ནས་བསྡུ་རྒྱུ། དེའི་ནང་གྲོང་གསེབ་ཀྱི་ཡུལ་མི་གནས་སྤོ་བའི་ཆོག་མཆན་ཐོབ་པ་བརྒྱུད་གསར་དུ་བཙུགས་པའི་རང་སྤྱོད་སྡོད་ཁང་གིས་རྨོ་ཞིང་བཟུང་ཆ་དེ་སྔོན་གྱི་ཁང་སའི་རྒྱ་ཁྱོན་ལས་མི་བརྒལ་བའི་ཆ་དེ་རྨོ་ཞིང་བཟུང་ཁྲལ་རྩ་ཆག་གཏོང་རྒྱུ། 

 

གྲོང་གསེབ་ཀྱི་སྔོན་གཤེགས་དཔའ་བོའི་ཁྱིམ་མི་དང་།གཞུང་དོན་དུ་རང་སྲོག་ཤོར་བའི་དམག་མིའི་ཁྱིམ་མི།དབང་པོ་སྐྱོན་ཅན་གྱི་དམག་མི་དང་དེ་བཞིན་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་གི་ཆ་རྐྱེན་དང་མཐུན་པའི་གྲོང་གསེབ་ཀྱི་ཡུལ་མི་བཅས་ཀྱིས་གཏན་འཁེལ་དུ་སྤྱོད་རྒྱུའི་ས་ཆའི་ཚད་གཞིའི་ནང་ཚུན་དུ་རང་སྤྱོད་སྡོད་ཁང་གསར་སྐྲུན་བྱེད་པར་རྨོ་ཞིང་བཟུང་ཁྲལ་རྩ་ཆག་གཏོང་རྒྱུ། 

 

རྒྱལ་དམངས་དཔལ་འབྱོར་སྡོམ་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དགོས་མཁོར་གཞིགས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྨོ་ཞིང་བཟུང་སྤྱོད་དཔྱ་ཁྲལ་རྩ་ཆག་གཏོང་བའམ་ཆག་ཡང་གཏོང་བའི་གནས་ཚུལ་གཞན་དག་གཏན་འཁེལ་བྱས་ཏེ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཐོ་འགོད་སྙན་སེང་ཞུས་ཆོག 

 

དོན་ཚན་བརྒྱད་པ། བཅའ་ཁྲིམས་འདིའི་དོན་ཚན་བདུན་པའི་ནང་གསེས་དོན་ཚན་དང་པོ་དང་གཉིས་པའི་གཏན་འཁེལ་ལ་གཞིགས་ཏེ་རྨོ་ཞིང་བཟུང་སྤྱོད་བྱས་རིགས་དཔྱ་ཁྲལ་རྩ་ཆག་གཏོང་བའམ་ཡང་ན་ཉུང་དུ་བཏང་རྗེས་ཁྲལ་འཇལ་མཁན་གྱིས་ཐོག་མའི་ས་བཟུང་གི་སྤྱོད་སྒོ་བསྒྱུར་རིགས་ནི་རྨོ་ཞིང་བཟུང་གྲངས་རྩ་ཆག་གཏོང་བའམ་ཡང་ན་ཉུང་དུ་བཏང་བའི་གནས་ཚུལ་ཁོངས་སུ་གཏོགས་མེད་རིགས་ལ་ས་ཆ་དེ་གར་སྤྱད་འཐུས་པའི་ཁྲལ་འབབ་ལྟར་རྨོ་ཞིང་བཟུང་གྲངས་གསབ་འཇལ་བྱ་དགོས། 

 

དོན་ཚན་དགུ་པ། རྨོ་ཞིང་བཟུང་སྤྱོད་དཔྱ་ཁྲལ་ཁྲལ་དོན་ལས་ཁུངས་ཀྱིས་བསྡུ་འགན་འཁུར་རྒྱུ། 

 

དོན་ཚན་བཅུ་པ། རྨོ་ཞིང་བཟུང་སྤྱོད་དཔྱ་ཁྲལ་གྱི་ཁྲལ་འཇལ་འོས་འགན་བྱུང་བའི་དུས་ཚོད་ནི་ཁྲལ་འཇལ་མཁན་ལ་རང་བྱུང་ཐོན་ཁུངས་གཙོ་སྐྱོང་སྡེ་ཁག་གིས་རྨོ་ཞིང་བཟུང་སྤྱོད་བྱེད་པའི་འགྲོ་ལུགས་འགྲིམ་དགོས་པའི་ཡིག་ཐོག་བརྡ་ཐོ་འབྱོར་བའི་ཉིན་དེར་ཡིན། ཁྲལ་འཇལ་མཁན་གྱིས་ཁྲལ་འཇལ་བའི་འོས་འགན་བྱུང་ཉིན་ནས་བཟུང་གི་ཉིན་སུམ་ཅུའི་ནང་ཚུན་དུ་རྨོ་ཞིང་བཟུང་སྤྱོད་དཔྱ་ཁྲལ་བསྒྲུབ་རྒྱུའི་ཡིག་ཐོག་སྙན་ཞུ་འབུལ་དགོས། 

 

རང་བྱུང་ཐོན་ཁུངས་གཙོ་སྐྱོང་སྡེ་ཁག་གིས་རྨོ་ཞིང་བཟུང་སྤྱོད་དཔྱ་ཁྲལ་བཅལ་བའི་འཛིན་ཤོག་གམ་དཔྱ་ཁྲལ་རྩ་ཆག་གཏོང་བའི་འཛིན་ཤོག་དང་སྡོམ་ནང་འཁོད་འབྲེལ་ཡོད་ཡིག་ཆ་གཞན་དག་ལ་བརྟེན་ནས་འཛུགས་སྐྲུན་སྤྱོད་སའི་ཆོག་མཆན་བཀོད་ཡིག 

 

དོན་ཚན་བཅུ་གཅིག་པ། ཁྲལ་འཇལ་མཁན་གྱིས་འཛུགས་སྐྲུན་རྣམ་གྲངས་གྱི་ཨར་ལས་བྱེད་པའམ་ས་གཤིས་རྩད་ཞིབ་བྱེད་པའི་རྐྱེན་གྱིས་གནས་སྐབས་རྨོ་ཞིང་བཟུང་སྤྱོད་བྱེད་རིགས་ཀྱིས་བཅའ་ཁྲིམས་འདིའི་གཏན་འཁེལ་ལྟར་རྨོ་ཞིང་བཟུང་སྤྱོད་དཔྱ་ཁྲལ་འཇལ་དགོས། ཁྲལ་འཇལ་མཁན་གྱིས་གནས་སྐབས་བཟུང་སྤྱོད་བྱས་པའི་རྨོ་ཞིང་གི་དུས་ཚད་ཐིམ་ཉིན་ནས་བཟུང་ལོ་གཅིག་ནང་ཁྲིམས་ལྟར་བསྐྱར་སྦོལ་བྱས་ནས་འདེབས་འཛུགས་ཀྱི་ཆ་རྐྱེན་སླར་གསོ་བྱས་པ་ཡིན་ན།འཇལ་ཟིན་པའི་རྨོ་ཞིང་གི་བཟུང་སྤྱོད་དཔྱ་ཁྲལ་ཡོངས་རྫོགས་ཕྱིར་སློག་བྱ་རྒྱུ། 

 

དོན་ཚན་བཅུ་གཉིས་པ། ལྡུམ་ར་དང་། ནགས་ས། རྩྭ་ཐང་། ཞིང་ཁའི་ཆུ་བེད་དུ་སྤྱོད་རྒྱུའི་ས་ཆ།གསོ་སྤེལ་ཆུ་ངོས།ཉ་ལས་ཆུ་ཁོངས་ཀྱི་གྲམ་ཐང་བཅས་དང་དེ་བཞིན་ཞིང་སྤྱོད་ས་ཆ་གཞན་པའི་འཛུགས་སྐྲུན་གྱི་ཁང་པ་དང་བཟོ་བཀོད་དངོས་པོ་བཅས་བཟུང་སྤྱོད་དམ་ཞིང་ལས་མ་ཡིན་པའི་འཛུགས་སྐྲུན་བྱེད་རིགས་ལ་བཅའ་ཁྲིམས་འདིའི་གཏན་འཁེལ་ལྟར་རྨོ་ཞིང་བཟུང་ཁྲལ་འཇལ་དགོས། 

 

གོང་གསལ་ནང་གསེས་དོན་ཚན་ནང་འཁོད་གཏན་འཁེལ་བྱས་པའི་ཞིང་སྤྱོད་ས་ཆ་བཟུང་རིགས་ལ་སྤྱད་འཐུས་པའི་ཁྲལ་འབབ་ནི་ས་ཁུལ་དེ་གར་བཅའ་ཁྲིམས་འདིར་འཁོད་དོན་ཚན་བཞི་པའི་ནང་གསེས་དོན་ཚན་གཉིས་པར་གཏན་འབེབས་བྱས་པའི་སྤྱད་འཐུས་པའི་ཁྲལ་གྲངས་ལས་འོས་འཚམ་དམའ་ན་ཆོགའོན་ཀྱང་ཉུང་དུ་བཏང་བའི་ཆ་དེ་བརྒྱ་ཆ་ལྔ་བཅུ་ལས་བརྒལ་མི་ཆོག ཞིབ་ཕྲ་སྤྱད་འཐུས་པའི་ཁྲལ་འབབ་ནི་ཞིང་ཆེན་དང་།རང་སྐྱོང་ལྗོངས།ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་བཏོན་ནས་རིམ་པ་གཅིག་མཚུངས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཐག་གཅོད་རོགས་ཞུ་རྒྱུ་དང་འབྲེལ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྡོམ་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཐོ་འགོད་སྙན་སེང་ཡང་ཞུ་རྒྱུ། 

 

དོན་ཚན་འདིའི་ནང་གསེས་དོན་ཚན་དང་པོའི་གཏན་འཁེལ་བཟུང་སྤྱོད་བྱས་པའི་ཞིང་སྤྱོད་ས་ཞིང་འཛུགས་སྐྲུན་གྱིས་ཐད་ཀར་ཞིང་ལས་ཐོན་སྐྱེད་ལ་ཞབས་འདེགས་ཞུ་བའི་ཐོན་སྐྱེད་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་རྨོ་ཞིང་བཟུང་སྤྱོད་དཔྱ་ཁྲལ་མི་འཇལ་རྒྱུ། 

 

དོན་ཚན་བཅུ་གསུམ་པ། ཁྲལ་དོན་ལས་ཁུངས་ཀྱིས་འབྲེལ་ཡོད་སྡེ་ཚན་དང་རྨོ་ཞིང་བཟུང་སྤྱོད་དཔྱ་ཁྲལ་དང་འབྲེལ་བ་ཡོད་པའི་ཆ་འཕྲིན་མཉམ་སྤྱོད་ལམ་སྲོལ་གྱི་སྡོམ་ལས་དོན་གཞོགས་འདེགས་ལམ་སྲོལ་འཛུགས་པ་བྱེད་དགོས། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་རང་བྱུང་ཐོན་ཁུངས་དང་།ཞིང་ལས་དང་གྲོང་གསེབ།ཆུ་བེད་སོགས་འབྲེལ་ཡོད་སྡེ་ཁག་གིས་དུས་བཀག་ལྟར་ཁྲལ་དོན་ལས་ཁུངས་ལ་ཞིང་སྤྱོད་ས་ཆ་བསྒྱུར་སྤྱོད་དང་གནས་སྐབས་ས་ཆ་བཟུང་ཚུལ་སོགས་ཀྱི་ཆ་འཕྲིན་འདོན་སྤྲོད་བྱ་དགོས་པ་དང་།ཁྲལ་དོན་ལས་ཁུངས་ལ་གཞོགས་འདེགས་བྱས་ནས་རྨོ་ཞིང་བཟུང་སྤྱོད་དཔྱ་ཁྲལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། 

 

ཁྲལ་དོན་ལས་ཁུངས་ཀྱིས་ཁྲལ་འཇལ་མཁན་གྱི་ཁྲལ་འཇལ་ཞུ་ཡིག་གི་གཞི་གྲངས་རྒྱུན་ལྡན་མིན་པའམ་ཁྲལ་འཇལ་མཁན་གྱིས་གཏན་འཁེལ་ཀྱི་དུས་བཀག་ལྟར་ཁྲལ་འཇལ་སྙན་ཞུ་མ་ཕུལ་ན་འབྲེལ་ཡོད་སྡེ་ཁག་ལ་བསྐྱར་ཞིབ་གནང་རོགས་ཞུས་ཆོགའབྲེལ་ཡོད་སྡེ་ཁག་གིས་ཁྲལ་དོན་ལས་ཁུངས་ཀྱི་བསྐྱར་ཞིབ་ཞུ་ཡིག་འབྱོར་ཉིན་ནས་བཟུང་གི་ཉིན་སུམ་ཅུའི་ནང་ཚུན་ཁྲལ་དོན་ལས་ཁུངས་ལ་བསྐྱར་ཞིབ་ཀྱི་བསམ་འཆར་འདོན་དགོས། 

 

དོན་ཚན་བཅུ་བཞི་པ། རྨོ་ཞིང་བཟུང་སྤྱོད་དཔྱ་ཁྲལ་གྱི་བསྡུ་ལེན་དང་དོ་དམ་བྱེད་པར་བཅའ་ཁྲིམས་འདིའི་སྡོམ་ཁྲལ་འབབ་བསྡུ་ལེན་དང་དོ་དམ་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་ལག་བསྟར་བྱ་རྒྱུ། 

 

དོན་ཚན་བཅོ་ལྔ་པ། ཁྲལ་འཇལ་མཁན་དང་ཁྲལ་དོན་ལས་ཁུངས་དང་དེའི་ལས་བྱེད་མི་སྣས་བཅའ་ཁྲིམས་འདིའི་གཏན་འཁེལ་དང་འགལ་ན།ཁྲལ་འབབ་བསྡུ་ལེན་དང་དོ་དམ་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཀྱི་སྡོམ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འཁེལ་ལྟར་ཁྲིམས་འབྲེལ་ཁུར་འཁྲི་བདའ་འདེད་གཏོང་རྒྱུ། 

 

དོན་ཚན་བཅུ་དྲུག་པ། བཅའ་ཁྲིམས་འདི་2019ལོའི་ཟླ་9ཚེས་1ཉིན་ནས་ལག་ལེན་བསྟར་རྒྱུ། 2007ལོའི་ཟླ་12ཚེས་1ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤྱི་བསྒྲགས་བྱས་པའི་རྨོ་ཞིང་བཟུང་སྤྱོད་དཔྱ་ཁྲལ་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གནས་སྐབས་ལག་བསྟར་སྲོལ་ཡིག་དུས་མཚུངས་སུ་རྩིས་མེད་དུ་གཏོང་རྒྱུ། 


Copyright©2016-2018.AllRightsReservedསི་ཁྲོན་ཞིང་ཆེན་ཁྲིམས་འཛིན་ཐིན།
པར་དབང་ཡོད་པ།སྲིད་གཞུང་དྲ་ཚིགས་ཀྱི་རྟགས་འཛིན་ཨང་གྲངས།:bm13000003
ས་གནས།སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་ཧྲང་ཞང་ལམ་ཨང་རྟགས༢༤བ།
སྦྲགས་ཨང་།:610015ཐོ་འགོད་སྙན་སེང་ཨང་རྟགས།ཧྲུའུ་ICPཟུར༠༥༠༠༡༩༠༨
京公网备案 11010502035692号