​ཉེ་ལམ། བརྟན་བརྟན་ཏིག་ཏིག་གིས་འགན་ནུས་ལག་བསྟར་རིགས་ཀྱི་སྲིད་འཛིན་རྩོད་པའི་གྱོད་གཞི་བསྐྱར་གྲོས་བྱེད་པར་ཐུང་མོང་གི་ཡིད་ཆེས་ཇེ་ཆེ་དང་གྱོད་དོན་ཞིབ་གཅོད་ཀྱི་གྲུབ་འབྲས་ཇེ་མཐོར་གཏང་ཕྱིར། ཞིང་ཆེན་སྲིད་གཞུང་སྲིད་འཛིན་བསྐྱར་

ཐོ་འགོད་དུས་ཚོད།:2023-11-14  

ཉེ་ལམ། བརྟན་བརྟན་ཏིག་ཏིག་གིས་འགན་ནུས་ལག་བསྟར་རིགས་ཀྱི་སྲིད་འཛིན་རྩོད་པའི་གྱོད་གཞི་བསྐྱར་གྲོས་བྱེད་པར་ཐུང་མོང་གི་ཡིད་ཆེས་ཇེ་ཆེ་དང་གྱོད་དོན་ཞིབ་གཅོད་ཀྱི་གྲུབ་འབྲས་ཇེ་མཐོར་གཏང་ཕྱིར། ཞིང་ཆེན་སྲིད་གཞུང་སྲིད་འཛིན་བསྐྱར་གྲོས་གཞུང་ལས་ཁང་གིས་སློབ་གྲྭ་ཆེན་པོ་དང་ཁྲིམས་རྩོད་ལས་གཉེར་ཁང་སོགས་ལས་རིག་གཞུང་སྨྲ་བ་དང་དོན་དངོས་སྒྲུབ་མཁན་གྱི་ཆེད་མཁས་པའི་མི་སྣ་གདན་དྲངས་ཏེ། རིགས་དེའི་སྲིད་འཛིན་བསྐྱར་གྲོས་བྱེད་པའི་གྱོད་གཞི་ལ་རིགས་པས་ཁུངས་སྐྱེལ་བྱེད་པའི་ཚོགས་འདུ་འཚོགས་ནས། ཞིང་ཆེན་སྲིད་གཞུང་སྲིད་འཛིན་བསྐྱར་གྲོས་ཨུ་ཡོན་ལྷན་ཁང་གི་ཆེད་ལས་པ་ཨུ་ཡོན་གྱི་རིག་མཛོད་དང་ཕྱི་ཀླདཀྱི་བྱེད་ནུས་གང་ལེགས་བཏོན་ཡོད།

ཚོགས་འདུར་ཞུགས་པའི་ཆེད་མཁས་པ་ཚོས་འགན་ནུས་ལག་བསྟར་རིགས་ཀྱི་སྲིད་འཛིན་བསྐྱར་གྲོས་ཀྱི་གྱོད་གཞིའི་གནད་འགག་འདུས་ས་དང་། ཞིབ་བཤེར་གལ་ཆེ་ས། གནད་དོན་དཀའ་ས་བཅས་ལ་བསམ་ཚུལ་བརྗེ་རེས་དང་རིགས་པས་ཁུངས་སྐྱེལ་བྱེད་ཛ་དྲག་པོ་བྱས་ཤིང་། ཆེད་མཁ་པ་ཚོའི་དགོངས་དོན་ལ། བསྐྱར་གྲོས་ལས་ཁུངས་ཀྱིས་ཞིབ་བཤེར་བྱེད་པའི་གོ་རིམ་དུ། གཅིག་ནས་འགན་ནུས་ལག་བསྟར་རིགས་ཀྱི་སྲིད་འཛིན་བསྐྱར་གྲོས་གྱོད་གཞིའི་དཀའ་གནད་དང་དོགས་གནད་ཀྱི་ཁྲིམས་ལུགས་གནད་དོན་ལ་དབྱེ་ཞིབ་གནད་ལ་འཁེལ་པ་བྱེད་ཅིང་། གཏུག་བཤེར་བྱེད་རྒྱུའི་སྲིད་འཛིན་ལས་ཁུངས་ཀྱི་བདག་པོའི་དབང་ཆ་དང་ཁྲིམས་ཀྱིས་གཏན་དུ་འབེབས་པའི་འགན་འཁྲི་རྣམས་ལ་དབྱེ་མཚམས་མ་ནོར་པར་འབྱེད་པ། ཕྱོགས་ཡོངས་ནས་གྱོད་གཞིའི་དོན་དངོས་ཞིབ་བསྡུར་བྱས་ནས་འཚམས་པའི་ཁྲིམས་ལུགས་གནད་ལ་འཁེལ་པར་བེད་སྤྱོད་བྱེད་ཐུབ་པ་བཅས་བྱེད་པ་དང་། སྲིད་འཛིན་བྱ་སྤྱོད་ཀྱི་ཞིབ་བཤེར་ལ་ནང་དོན་ཁྲིམས་དང་མཐུན་ཞིང་། གོ་རིམ་གྱི་དྲང་བདེན་རང་བཞིན་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱེད་ལ། བྱ་རིམ་ཆ་ཚང་ཁོང་དུ་ཆུབ་པ་བཅས་བྱེད་དགོས། གཉིས་ནས། སྲིད་འཛིན་ལྟོས་བཅས་ཀྱི་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོར་ལ་བསམ་བློ་ཕུན་སུམ་ཚོགས་པ་གཏོང་ཞིང་། དེའི་དགོས་མཁོ་དངོས་དང་རེ་ཞུ་ངོ་མ་ལ་ཆ་རྒྱུས་ལེན། སྲིད་འཛིན་བསྐྱར་གྲོས་ཀྱི་གསལ་བཤད་དང་། བསམ་འཆར། འགྲོ་འགོ་འདོན་པ་སོགས་ཀྱི་རྒྱུ་ལམ་བེད་གང་ལེགས་སྤྱད་དེ། སྲིད་འཛིན་ལས་ཁུངས་དང་སྲིད་འཛིན་ལྟོས་བཅས་མི་སྣ་ལ་རྩོད་གཞི་ངོ་བོའི་ཐོག་ནས་ཐག་གཅོད་ཐབས་སྟོན་ཞིང་། ཧུར་ཐག་སྒོས་སྲིད་འཛིན་རྩོད་པ་འཇགས་པ་དང་འདུམ་པའི་ལས་ཀ་བསྒྲུབས་ནས་སྲིད་འཛིན་བསྐྱར་གྲོས་ཀྱི་སྲིད་འཛིན་རྩོད་པ་འདུམ་པའི་ཐབས་ལམ་གཙོ་བོའི་བྱེད་ནུས་གང་ཅི་ལེགས་སུ་འདོན་པ་དང་། དོན་དངོས་ཐོག་ནས་སྲིད་འཛིན་ལྟོས་བཅས་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོར་བྱེད་དགོས། གསུམ་པ་ནི། བརྟན་བརྟན་ཏིག་ཏིག་སྒོ་ནས་སྲིད་འཛིན་བསྐྱར་གྲོས་གྱི་ལྟ་སྐུལ་འགན་འཁྲི་ཁུར་ཏེ། སྲིད་འཛིན་ལས་ཁུངས་ཀྱིས་ཁྲིམས་ཀྱིས་གཏན་དུ་འབེབས་པའི་ལས་རིགས་འགན་ནུས་ལག་ལེན་མི་སྤྲོད་པ་དང་། ལས་རིགས་འགན་ནུས་ལག་ལེན་སྤྲོད་སྟངས་ཁྲིམས་ལ་མི་བརྟེན་པ་སོགས་ཀྱི་བྱ་སྤྱོད་ལ་སེམས་ཐག་རྦད་དུ་བཅད་ནས་ལེགས་བཅོས་བྱེད་ཅིང་སྲིད་འཛིན་ལས་ཁུངས་ལ་དོན་དངོས་ཐོག་ནས་ཁྲིམས་ལྟར་སྲིད་འཛིན་པ་དང་ཁྲིམས་ལྟར་སྲིད་འཛིན་པའི་ཆུ་ཚད་ཡར་ཐོན་དངོས་གནས་ཡོད་པའི་གནོན་ཤུགས་སྟེར་ཏེ། སྲིད་འཛིན་ལྟོས་བཅས་མི་ལ་དྲང་པ་བདེན་པ་རང་གི་འགྲམ་དུ་དངོས་སུ་ཡོད་པ་ཤེས་སུ་བཅུག་དགོས།

ཐེངས་འདིའི་ཆེད་མཁས་པའི་རིགས་པས་ཁུངས་སྐྱེལ་པའི་ཚོགས་འདུ་འདི་ནི་ཞིང་ཆེན་སྲིད་གཞུང་སྲིད་འཛིན་བསྐྱར་གྲོས་གཞུང་ལས་ཁང་གིས་ས་ཆ་བསྡུ་ལེན་རིགས་དང་ཆ་འཕྲིན་ཡོངས་གྲགས་རིགས་ཀྱི་གྱོད་གཞི་ཞིབ་བཤེར་གྱི་ཚད་གཞི་ཞིབ་འཇུག་གི་བྱེད་སྒོ་སྤེལ་བའི་རྗེས་སླར་ཡང་སྤེལ་པའི་རིགས་མཐུན་གྱི་ཞིབ་འཇུག་ཅིག་ཡིན་ནོ།། 

Copyright©2016-2018.AllRightsReservedསི་ཁྲོན་ཞིང་ཆེན་ཁྲིམས་འཛིན་ཐིན།
པར་དབང་ཡོད་པ།སྲིད་གཞུང་དྲ་ཚིགས་ཀྱི་རྟགས་འཛིན་ཨང་གྲངས།:bm13000003
ས་གནས།སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་ཧྲང་ཞང་ལམ་ཨང་རྟགས༢༤བ།
སྦྲགས་ཨང་།:610015ཐོ་འགོད་སྙན་སེང་ཨང་རྟགས།ཧྲུའུ་ICPཟུར༠༥༠༠༡༩༠༨
京公网备案 11010502035692号