ཟླ་བ་དགུ་པའི་ཚེས་གཉིས་ལ་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གློག་འཕྲིན་དྲ་རྒྱས་ཁ་བསླུས་རྒྱག་པ་འགོག་པའི་ཁྲིམས་》ཁྱབ་བསྒྲགས་བྱས་ཤིང་། སྤྱི་ལོ2022ལོའི་ཟླ12ཚེས1ཉིན་ནས་ལག་ལེན་བསྟར་རྒྱུ་བྱས།

ཐོ་འགོད་དུས་ཚོད།:2023-11-01  

ཟླ་བ་དགུ་པའི་ཚེས་གཉིས་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གློག་འཕྲིན་དྲ་རྒྱས་ཁ་བསླུས་རྒྱག་པ་འགོག་པའི་ཁྲིམས་ཁྱབ་བསྒྲགས་བྱས་ཤིང་། སྤྱི་ལོ2022ལོའི་ཟླ12ཚེས1ཉིན་ནས་ལག་ལེན་བསྟར་རྒྱུ་བྱས།

གློག་འཕྲིན་དྲ་རྒྱས་ཁ་བསླུས་རྒྱག་པ་འགོག་པའི་ཁྲིམས་ལ་ཁྱོན་བསྡོམས་པས་དོན་ཚན་ལྔ་བཅུ་ཡོད་ཅིང་། དེར་སྤྱིའི་རྩ་དོན་དང་། གློག་འཕྲིན་བདག་སྐྱོང་། མ་རྩ་བདག་སྐྱོང་། དྲ་རྒྱ་བདག་སྐྱོང་། ཕྱོགས་བསྡུས་བྱེད་ཐབས། ཁྲིམས་ལུགས་འགན་འཁྲི། ཞར་བྱུང་གི་དོན་ཚན་སོགས་འདུས་ཡོད། མི་དམངས་གཙོ་བོར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་འཕེལ་རྒྱས་དང་བདེ་འཇགས་གཉིས་ལ་སྤྱི་འདོམས་བྱེད་པ་དང་། བྱ་བའི་སྐེད་མཚམས་སོ་སོར་རྐང་འཛུགས་ཏེ་ཧྲིལ་ཡོངས་ནས་གློག་འཕྲིན་དྲ་རྒྱས་ཁ་བསླུས་རྒྱག་པ་སྔོན་འགོག་བྱེད་པ། འབེན་ལ་གཏད་ནས་ཤུགས་བསྒྲིམས་ཏེ་གློག་འཕྲིན་དྲ་རྒྱས་ཁ་བསླུས་རྒྱག་པ་འགོག་པའི་ལས་ཀ་ལ་ནུས་ཤུགས་ལྡན་པའི་ཁྲིམས་ལུགས་ཀྱི་རྒྱབ་རྟེན་མཁོ་འདོན་བྱེད་པ་བཅས་སོ།།

གློག་འཕྲིན་དྲ་རྒྱས་ཁ་བསླུས་རྒྱག་པ་འགོག་པའི་ཁྲིམས་ཀྱི་ཁྱད་ཆོས།

 ༡   མགྱོགས།

ཁྲིམས་འཛུགས་ཀྱི་ལག་རྩལ་ཐད་ནས་ཆུང་། མགྱོགས། རྣོ་བཅས་དང་བཅད་ཁ་ཆུང་བའི་ཁྱད་ཆོས་མངོན་ཡོད་པ་སྟེ། འགག་རྩའི་སྐེད་མཚམས་ལ་ཁ་ཕྱོགས་ཏེ་ལམ་ལུགས་གཙོ་བོའི་ཐད་ནས་གཏན་འབེབས་བྱེད་པ་དང་། གདོང་བཞི་ཀ་བརྒྱད་ཀྱི་སྒྲོམ་གཞི་བཙུགས་པ། དོན་ཚན་གྲངས་ཀ་མང་པར་ལ་མི་འབད་པར་ཁྲིམས་འཛུགས་མགྱོགས་པ། དགོས་མཁོ་ཆེ་བ་སྔོན་ལ་སྒྲུབ་པའི་རྣམ་པ་དོད་པ་བཅས་ཀྱིས་གོམ་གང་མདུན་དུ་སྤོས་ནས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་སྟངས་ཀྱི་རྣམ་པ་ཇེ་མང་དུ་གཏང་།

 ༢  སྔོན་འགོག

མ་ལག་གི་བསམ་བློ་ཤུགས་ཆེར་གཏོང་ཞིང་མགོ་ཁུངས་གི་བདག་སྐྱོང་དང་ཕྱོགས་བསྡུས་ཀྱི་བདག་སྐྱོང་ལ་རྐང་འཛུགས་ཏེ་དངོས་སུ་འབྱུང་བ་སྔོན་འགོག་བྱེད་རྒྱུའི་ཕྱོགས་ལ་གཙོ་བོར་བྱེད། གློག་འཕྲིན་དྲ་རྒྱས་ཁ་བསླུས་རྒྱག་པའི་ཉེས་པ་ཅན་གྱི་ཁྲིམས་ལུགས་འགན་འཁྲིའི་སྐོར་ལ་ཉེས་ཁྲིམས་ཀྱིས་ཐེངས་མང་པོ་ལ་དེ་དང་འབྲེལ་བ་ཡོད་པ་རྣམས་བསྒྱུར་བཅོས་འཐུས་ཚང་བྱས་ཟིན་པ་སྟེ། རྡུང་རྡེག་བྱེད་པའི་ཁྲིམས་ལུགས་ཀྱི་བྱེད་ཐབས་སྤྱིའི་ཆ་ནས་འཐུས་ཚང་པར་ཡོད་ཅེས་བཤད་ཆོག་ཀྱང་། ཁྲིམས་འདི་ནི་གཙོ་བོ་སྔོན་འགོག་རང་བཞིན་གྱི་ཁྲིམས་ལུགས་འཐུས་ཚང་བར་གཏོང་བའི་རེ་འདུན་ལྟར་གློག་འཕྲིན་དྲ་རྒྱས་ཁ་བསླུས་རྒྱག་པའི་དོན་འབྱུང་བའི་ཆ་འཕྲིན་འབྲེལ་ཐག་དང་། མ་རྩའི་འབྲེལ་ཐག། ལག་རྩལ་འབྲེལ་ཐག། མི་སྣའི་འབྲེལ་ཐག་སོགས་ཀྱི་ཆ་སོ་སོ་ལ་ཁ་ཕྱོགས་ནས་སྔོན་འགོག་རང་བཞིན་གྱི་ལམ་ལུགས་དང་བྱེད་ཐབས་བཙུགས་ཤིང་། ལས་རིགས་བདག་སྐྱོང་བྱེད་པ་གཏིང་ཇེ་ཟབ་ཏུ་གཏོང་བར་སྐུལ་འདེད་བྱེད་ལ། སྡེ་ཚན་ཁག་གི་ལྟ་སྐུལ་བྱེད་པའི་འགན་འཁྲི་དང་ཁེ་ལས་ཀྱི་སྤྱི་ཚོགས་འགན་འཁྲི་ཤུགས་ཆེར་གཏོང་པ་དང་། ལས་ཀ་བྱེད་སྟངས་བོར་སྔ་ཉུག་འཕྱི་བྱས་པ་ནས་ཆུ་མ་རྒྱུགས་གོང་ལ་ཆུ་རགས་རྒྱག་པར་བསྒྱུར་ཅིང་། རྡུང་རྡེག་བྱེད་པ་གཙོ་བོ་བཟུང་པ་ནས་སྔོན་འགོག་དང་དོ་དམ་ཚོད་འཛིན་བྱེད་པ་ཟུང་དུ་འབྲེལ་པར་འགྱུར་བར་བྱེད་ཡོད།

༣ གནད་ལ་འཁེལ་པ།

གློག་འཕྲིན་དྲ་རྒྱས་ཁ་བསླུས་རྒྱག་པ་འགོག་པའི་ཁྲིམས་ལུགས་འདི་ནི་ཁྱབ་ཁོངས་རྣམ་པ་གསར་པའི་ནང་གི་ཁྲིམས་འཛུགས་པ་ཞིག་ཡིན་ཞིང་། ཁྲིམས་འཛུགས་པའི་བརྒྱུད་རིམ་དུ་ཐོག་མཐའ་བར་གསུམ་ལ་གནད་དོན་ཕྱོགས་སྟོན་དང་མཇུག་འབྲས་ཕྱོགས་སྟོན་རྒྱུན་འཁྱོངས་བྱེད་ཅིང་། ཆེད་དུ་གཉེར་ཞིང་དགོས་མཁོ་ཆེ་བའི་ཁྲིམས་འཛུགས་ཤིག་ནི་ངེས་པར་དུ་ལག་ལེན་གྱི་དགོས་པའི་ཐོག་ལ་རྐང་འཛུགས་དགོས་པ་དང་། ནུས་ཤུགས་ལྡན་པའི་བྱེད་ཐབས་སྣ་ཚོགས་བཀོལ་ཏེ་ཁྲིམས་འཛིན་ལས་ཁུངས་ལ་འགན་དབང་དང་ཁེ་ལས་ཀྱི་འགན་འཁྲི་སྤྲད་དགོས་པར་མ་ཟད། ད་དུང་ངེས་པར་དུ་གནད་ལ་འཁེལ་པའི་སྔོན་འགོག་རྒྱུན་འཁྱོངས་བྱེད་ཅིང་དོན་དང་མི་མཐུན་པའི་ཨུ་ཚུགས་ཀྱི་བྱེད་སྟངས་སྔོན་འགོག་བྱས་ཏེ་ཁྲིམས་ལ་བརྟེན་ཏེ་སྤྱི་དམངས་དང་སྒྲིག་འཛུགས་གི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོར་བྱེད་དགོས། 

Copyright©2016-2018.AllRightsReservedསི་ཁྲོན་ཞིང་ཆེན་ཁྲིམས་འཛིན་ཐིན།
པར་དབང་ཡོད་པ།སྲིད་གཞུང་དྲ་ཚིགས་ཀྱི་རྟགས་འཛིན་ཨང་གྲངས།:bm13000003
ས་གནས།སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་ཧྲང་ཞང་ལམ་ཨང་རྟགས༢༤བ།
སྦྲགས་ཨང་།:610015ཐོ་འགོད་སྙན་སེང་ཨང་རྟགས།ཧྲུའུ་ICPཟུར༠༥༠༠༡༩༠༨
京公网备案 11010502035692号