སི་ཁྲོན་ཁྲིམས་འཛིན་སྲིད་འཛིན་མ་ལག་གི་ཐེངས་དང་པོའི་ཉེན་རྟོག་པའི་གོ་རྟགས་བཞེས་པའི་ཟབ་སྦྱོང་འཛིན་གྲྭའི་སློབ་མ་རྣམས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་བྱེད་པའི་བྱ་འགུལ་རབ་དང་རིམ་པ་སྤེལ།

ཐོ་འགོད་དུས་ཚོད།:2023-11-14  

ཆེད་དོན་བསྒྲགས་བཤད་བྱས་ནས་སེམས་ལ་ཟུག་པར་བྱེད།

ཐིང་ཆབ་སྲིད་པུའུ་༼ཉེན་རྟོག་ལས་དོན་པུའུ༽གཅིག་གྱུར་གྱི་བཀོད་སྒྲིག་དང་སྒྲིག་འཛུགས་བྱེད་པའི་འོག། སི་ཁྲོན་ཁྲིམས་འཛིན་ཉེན་རྟོག་ཆེད་ལས་སློབ་གླིང་གི་ཉེན་རྟོག་པའི་གོ་རྟགས་ཟབ་སྦྱོང་བྱེད་སས་ཆེད་དོན་འཆད་ཁྲིད་བྱེད་པ་དང་། མཉམ་དུ་སློབ་སྦྱོང་དང་བགྲོ་གླེང་བྱེད་པ་སོགས་བྱེད་ཐབས་སྣ་ཚོགས་བཏོན་ནས་ཆེད་དོན་གཞུང་ལུགས་ཀྱི་སློབ་ཚན་དགུ་བཀོད་སྒྲིག་བྱེད་ཅིང་། གཞུང་ལུགས་འཆད་ཁྲིད་ཐེངས་དྲུག་འཚོགས་ཏེ། ཟབ་སྦྱོང་ལ་ཞུགས་པའི་ཉེན་རྟོག་པ་གསར་པ་རྣམས་ལ་ཁ་ཕྱོགས་ནས། ཆེད་དུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙིང་དོན་བསྒྲགས་བཤད་བྱས་ཤིང་། ཉེན་རྟོག་པ་གསར་པ་རྣམས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙིང་དོན་ཧ་གོ་དོན་དཔྱིས་ཕྱིན་པར་རྟོགས་པའི་ཕྱོགས་ལ་སློབ་གསོ་དང་སྣེ་ཁྲིད་བྱས་ཡོད།

མཉམ་དུ་སློབ་སྦྱོང་དང་ཞིབ་འཇུག་བྱས་ནས་ས་ལ་བབས་ཤིང་དོན་ལ་གནས་པར་བྱེད་པ།

རུ་འབྲིང་བཅུ་གསུམ་གྱི་སློབ་སྦྱོང་བྱེད་མཁན་ཉེན་རྟོག་པ་གསར་པ་647ལ་གནས་སྐབས་ཀྱི་ཏང་ཀྲི་པུའུ་བཙུགས་པ་དང་གཟིམ་ཤག་རེ་རེ་བཞིན་ཚན་ཁག་བགོས་ནས་ཇི་ལྟར་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙིང་དོན་ལས་ཀ་དངོས་གཞིའི་ནང་དུ་དོན་ཐོག་འཁྱོལ་བ་བྱེད་དགོས་པ་དང་། ཇི་ལྟར་རང་འགུལ་ངང་སྲིད་དོན་དྭངས་གཙང་གིས་སྒྲུབ་པའི་སྒྲོག་གུ་དང་པོ་དམ་པོར་བསྒྲོག་དགོས་པ། ཇི་ལྟར་བྱང་ཚད་མཐོན་པོའི་ཆེད་ལས་ཅན་གྱི་གཞུང་ཞབས་པ་ཞིག་བྱེད་དགོས་པ་སོགས་ཆེད་དོན་བཞིའི་སྐོར་ལ་སློབ་སྦྱོང་དང་ཞིབ་འཇུག་བྱེད་་བཞིན། ཉམས་མྱོང་བརྗེ་རེས་ཀྱི་བར་ནས་མདུན་སྐྱོད་ཀྱི་སྟོབས་ཤུགས་ལེན་ཞིང་ཉམས་མྱོང་མཉམ་སྤྱོད་ཀྱི་ཁྲོད་ནས་གཞུང་ལུགས་ཆུ་ཚད་ཇེ་མཐོར་བཏང་།

རྩོམ་ཡིག་འགྲན་བསྡུར་བྱས་ནས་ལག་ཐོག་འཁྱོག་ཅིང་འབྲས་བུ་ཐོན་པར་བྱེད།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་ལེན་བྱེད་པ་ཆེད་དོན་དུ་བཟུང་བའི་རྩོམ་ཡིག་འགྲན་བསྡུར་སྤེལ་ཞིང་། མ་ཡིག་320ལས་26བཟང་འདེམ་བྱས་ཏེ་མཉམ་དུ་བཤམས་སྟོན་བྱས།  དེ་ལས་གསོན་ཉམས་ལྡན་པའི་སྒོ་ནས་རྒྱ་ཆེན་ཉེན་རྟོག་པ་གསར་པའི་སློབ་མ་རྣམས་ཀྱི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལ་སློབ་སྦྱོང་དང་དྲིལ་བསྒྲགས་ཉམས་ལེན་གཏིང་ཟབ་བྱེད་པ་དང་། བློ་བརྟེན་འགྱུར་མེད་ཀྱིས་ཏང་གི་ངག་ལ་ཉན་ཞིང་རྗེས་སུ་འགྲོ་པ། རྒྱང་སྐྱོད་གསར་པར་མདུན་དུ་སྐྱོད་ཅིང་དུས་རབས་གསར་པའི་མཛད་རྗེས་འཇོག་པ་བཅས་པའི་སྙིང་གཏམ་དང་བྱ་སྤྱོད་མངོན་ཡོད།

ཤེས་བྱ་འགྲན་བསྡུར་བྱས་ནས་གཏིང་ཇེ་ཟབ་དང་དོན་ལ་ཇེ་གནས་བྱེད།

འགྲན་བསྡུར་གྱིས་སློབ་སྦྱོང་དང་བེད་སྤྱོད། ལག་ལེན་བཅས་ལ་སྐུལ་འདེད་གཏོང་པའི་སྐུལ་སློང་གི་ནུས་པ་ཕུན་སུམ་ཚོགས་པ་བཏོན་པ་ལ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་བྱེད་པ ། ལག་ལེན་སྤྲོད་པ། གོ་རྟོགས་སྐྱེས་པ་ཞེས་པ་ཆེད་དོན་དུ་བྱེད་དེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་དང་། ཏང་གི་སྒྲིག་ཡིག། ཏང་གི་ལོ་རྒྱུས་སོགས་ཀྱི་ནང་དོན་དང་འབྲེལ་བ་ཡོད་པའི་ཤེས་བྱ་འགྲན་བསྡུར་སྤེལ་ནས། གོམ་གང་མདུན་སྤོས་ཀྱིས་ཉེན་རྟོག་པ་གསར་པའི་སློབ་མ་རྣམས་ཀྱི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙིང་དོན་ལ་གོ་རྟོགས་དང་གདེང་ཚོད་གཏིང་ཇེ་ཟབ་ཏུ་བཏང་པ་དང་། སློབ་སྦྱོང་གི་འབྲས་བུ་ལས་གནས་གསར་པའི་ཐོག་ཏུ་འགན་འཁྲི་ཁུར་ཞིང་ལས་ཀ་སྒྲུབ་ལ་འབད་བརྩོན་བྱེད་པའི་སྒུལ་ཤུགས་འགྱུར་བར་བྱེད་དོ།།  

Copyright©2016-2018.AllRightsReservedསི་ཁྲོན་ཞིང་ཆེན་ཁྲིམས་འཛིན་ཐིན།
པར་དབང་ཡོད་པ།སྲིད་གཞུང་དྲ་ཚིགས་ཀྱི་རྟགས་འཛིན་ཨང་གྲངས།:bm13000003
ས་གནས།སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་ཧྲང་ཞང་ལམ་ཨང་རྟགས༢༤བ།
སྦྲགས་ཨང་།:610015ཐོ་འགོད་སྙན་སེང་ཨང་རྟགས།ཧྲུའུ་ICPཟུར༠༥༠༠༡༩༠༨
京公网备案 11010502035692号