ཀྲུང་གོ་གུང་ཁྲན་རིང་ལུགས་ན་གཞོན་ཚོགས་པ་སི་ཁྲོན་ཞིང་ཆེན་ཁྲིམས་འཛིན་ཐེན་ཐེངས་དང་པོའི་ལས་ཚབ་ཚོགས་ཆེན་འཚོགས་པ།

ཐོ་འགོད་དུས་ཚོད།:2022-06-06  


ཀྲུང་གོ་གུང་ཁྲན་རིང་ལུགས་ན་གཞོན་ཚོགས་པ་སི་ཁྲོན་ཞིང་ཆེན་ཁྲིམས་འཛིན་ཐེན་ཐེངས་དང་པོའི་ལས་ཚབ་ཚོགས་ཆེན་འཚོགས་པ།

    ༢༠༢༢ལོའི་ཟླ་༥པའི་ཚེས་༢༢ཉིན་གྱི་ཕྱི་དྲོར།  གུང་གཞོན་ཚོགས་པ་སི་ཁྲོན་ཞིང་ཆེན་ཁྲིམས་འཛིན་ཐེན་གྱི་ཚོགས་ཆེན་ཐེངས་དང་པོ་འཚོགས། ཐེན་ཏང་ཨུའུ་ཧྲུའུ་ཅི། ཐེན་ཀྲང་ལིག་ཀྲུའུ་ཁྲེན་གྱིས་ཤིས་ཚིག་བརྗོད་པ་དང་མ་ལག་ཆ་ཚང་གིས་གུང་གཞོན་ཚོགས་པ་ཡི་ལས་ཀར་མཆན་འགོད་མཛུབ་སྟོན་བྱས། ཐེན་ཏང་ཨུའུ་ཨུའུ་ཡོན། ལས་ཁུངས་ཏང་ཨུའུ་ཧྲུའུ་ཅི་ཕན་ཆི་ཧྥིང་ཚོགས་འདུར་ཞུགས་ནས་ཤིས་ཚིག་བརྗོད། ཞིང་ཆེན་ཐད་གཏོགས་ལས་ཁུངས་གུང་གཞོན་ཚོགས་པའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལོ་ཝེ་ཚོགས་འདུར་ཞུགས་ནས་མཛུབ་སྟོན་གལ་ཆེན་གནང་། ད་དུང་ཐེན་ལས་ཁུངས་དང་ཐད་གཏོགས་སྡེ་ཚན་གྱི་གུང་གཞོན་ཚོགས་མིའི་ཚབ་བྱེད་མི་སྣ་༩༠ཚོགས་འདུར་ཞུགས།

ལིག་ཀྲུའུ་ཁྲེན་གྱིས་ཤིས་ཚིག་ནང་ནན་བཤད་བཤད་རྒྱུར། ན་གཞོན་ལས་བྱེད་ཉེན་རྟོག་པ་ནི་སི་ཁྲོན་ཁྲིམས་འཛིན་སྲིད་འཛིན་བྱ་གཞག་ལས་ཁུངས་ཀྱི་རྒྱུད་འཛིན་པ་དང་གཙོ་ཤུགས་དམག་ཡིན།  སི་ཁྲོན་ཁྲིམས་འཛིན་སྲིད་འཛིན་གྱི་རེ་བ་དང་མ་འོངས་པ་ཡང་ཡིན། གུང་གཞོན་སྡེ་ཚོགས་ཀྱི་ལས་ཀ་ལེགས་པོར་བསྒྲུབ་པ་དང་དེར་མཐོང་ཆེན་བྱེད་པ་ནི་སྡེ་ཚོགས་རྩ་འཛུགས་ཀྱི་ཤུགས་རྐྱེན་དང་གོང་འགྲིལ་གྱི་ནུས་ཤུགས། འཐབ་འཛིང་གི་ནུས་ཤུགས་མུ་མཐུད་དུ་ཇེ་མཐོར་གཏོང་བ་དང་། མཐུན་སྒྲིལ་གྱིས་མ་ལག་ཆ་ཚང་གི་ན་གཞོན་ལས་བྱེད་ཉེན་རྟོག་པས་ལྟེ་བར་དམིགས་ནས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་། དངོས་གཉེར་ཡར་བརྩོན། འབད་འབུངས་ཧུར་བརྩོན་གྱིས་སི་ཁྲོན་ཞིང་ཆེན་གྱི་ཁྲིམས་འཛིན་སྲིད་འཛིན་ལས་དོན་གྱི་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་བར་ལང་ཚོའི་སྟོབས་ཤུགས་འབུལ་པར་སྐུལ་འདེད་ཀྱི་ནུས་ཤུགས་ཐོན་ཡོད། ད་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པ་སྐོང་འཚོགས་བྱེད་པའི་ལོ་དང་ཀྲུང་གོ་གུང་ཁྲན་རང་ལུགས་ན་གཞོན་ཚོགས་པ་བཙུགས་པའི་ལོ་འཁོར་༡༠༠ཡི་ལོ་ལ་ཡང་སླེབས་ཡོད།

སྤྱི་ཁྱབ་ཧྲུའུ་ཅུ་ཞི་ཅིང་ཕང་གིས་ཀྲུང་གོ་གུང་ཁྲན་ཏང་ན་གཞོན་སྡེ་ཚོགས་བཙུགས་ནས་ལོ་འཁོར་༡༠༠ལོན་པའི་ཚོགས་ཆེན་ལ་རྟེན་འབྲེལ་ཞུ་བའི་གསུང་བཤད་གལ་ཆེན་གནང་སྐབས། གུང་གཞོན་ཚོགས་པ་དང་གུང་གཞོན་ལས་ཀའི་ཉམས་མྱོང་རྩ་ཆེན་བཞི་བཤད་ཡོདཔ་འདི་ལྟར། ཁོང་གིས་དེང་སྐབས་ཀྱི་ན་གཞོན་ཚོ་ལ་རེ་བ་མཐོན་པོ་བཅང་ཡོད་ལ། དུས་རབས་གསར་པའི་གུང་གཞོན་ཚོགས་པའི་ལས་ཀ་ཇི་ལྟར་བསྒྲུབ་པར་རེ་བ་གསལ་བོ་བཏོན་ཡོད། དུས་གསར་གསར་པའི་ཀྲུང་གོའི་ན་གཞོན་ལས་འགུལ་དང་ལས་ཀར་མངོན་གསལ་གྱི་ཁ་ཕྱོགས་དམ་པོ་བསྟན་ཡོད།

མ་ལག་ཆ་ཚང་གི་ན་གཞོན་ལས་བྱེད་ཉེན་རྟོག་པ་ཚང་མས་འདི་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ། གུང་གཞོན་སྡེ་ཚོགས་ཀྱི་ལོ་བརྒྱའི་ལོ་རྒྱུས་ཁྲོད་ནས་བློ་གྲོས་དང་སྟོབས་ཤུགས་ཀྱི་ཉམས་མྱོང་རྩ་ཆེན་ལེན་དགོས། ད་དུང་འགྲུལ་བཞུད་གསར་པ་དང་དུས་རབས་གསར་པ་འཛུགས་བསྐྲུན་བྱེད་པའི་རླབས་ཕྲེང་ཁྲོད་མི་རང་ཉིད་ཀྱི་བྱས་རྗེས་འཇོག་པར་བརྩོན་ལེན་བྱེད་དགོས། དེས་མི་ཚད་ཐེ་ཚོམ་མེད་པར་ཏང་གི་གསུང་བཤད་ལ་ཉན་པ་དང་ཏང་གི་རྗེས་ལ་འབྲང་དགོས། ད་དུང་དམིགས་འབེན་བརྟན་པོ། མིག་རྒྱང་རིང་པོ། རྨང་གཞི་སྲ་བརྟན་དང་ནུས་ཤུགས་མཐོར་མདེགས།  འོས་འགན་ཕྲག་ལེན། ལས་ཀར་འབད་འབུངས། མི་གཤིས་དྲང་བཞག་དང་རང་གཅུན་ནན་པོས་ལང་ཚོའི་ང་དང་འབད་འཐབ་ཀྱི་ངས་དུས་རབས་གསར་པའི་ཁྲིམས་བཅོས་སི་ཁྲོན་གྱི་འཛུགས་བསྐྲུན་ལ་རྨང་གཞི་སྲ་བརྟན་དང་སི་ཁྲོན་ཁྲིམས་འཛིན་སྲིད་འཛིན་སྡེ་ཁག་གི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་དགོས།  རིམ་པ་གསར་པའི་ཐེན་སྡེ་ཚོགས་ལྷན་ཨུ་དང་རིམ་པ་སོ་སོའི་གུང་གཞོན་སྡེ་ཚོགས་ཀྱི་འགོ་ཁྲིད་ཀྱིས་གཡོ་འགུལ་སྤུ་ཙམ་མེད་པར་ཏང་གི་མགོ་ཁྲིད་མཐའ་འཁྱོངས་བྱེད་དགོས་ལ། ད་དུང་རྩ་བའི་གནད་དོན་གསུམ་ཡིད་ལ་བརྟན་པོར་བཟུང་ནས་དངོས་འཛིན་དངོས་སྒྲུབ་དང་གསར་འབྱེད་གསར་གཏོད་བྱས་ཏེ་སི་ཁྲོན་ཁྲིམས་འཛིན་སྲིད་འཛིན་གུང་གཞོན་སྡེ་ཚོགས་ཀྱི་བྱ་བཞག་མུ་མཐུད་དུ་འཕེལ་རྒྱས་འགྲོ་བར་རོགས་འདེགས་བྱེད་དགོས།

ཚོགས་འདུ་ལས་བཤད་རྒྱུར། མ་ལག་ཆ་ཚང་གི་རིམ་པ་སོ་སོའི་གུང་གཞོན་ཚོགས་པ་དང་ན་གཞོན་ལས་བྱེད་ཉེན་རྟོག་པས་ཞི་ཅིང་ཕང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་བྱས་ནས། ནན་ཏན་གྱིས་སྤྱི་ཁྱབ་ཧྲུའུ་ཅུ་ཞི་ཅིང་ཕང་གིས་ཀྲུང་གོ་གུང་ཁྲན་རིང་ལུགས་ན་གཞོན་ཚོགས་པ་བཙུགས་ནས་ལོ་འཁོར་༡༠༠འགོར་བའི་ཚོགས་ཆེན་སྟེང་དུ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱས་དགོས། ཆབ་སྲིད་ཀྱི་སྣེ་ཁྲིད་མཐོར་འདེགས་བཏང་ནས་ཁྱོན་ཡོངས་ལྟེ་བར་དམིགས་པ་དང་། ཟམ་པ་འབྲེལ་ཐག་གི་ཚབ་བྱས་ནས་སི་ཁྲོན་ཁྲིམས་འཛིན་སྲིད་འཛིན་འཕེལ་རྒྱས་ཀྱི་རླབས་ཆེ་བའི་བྱ་བཞག་ཁྲོད་དཀའ་ངལ་བསལ་ནས་ནར་སོན་དང་ལང་ཚོའི་རྔུལ་ཆུས་རང་ཉིད་ཀྱི་རིན་ཐང་འཚོལ་དགོས།

སྤྱི་ཁྱབ་ཧྲུའུ་ཅུ་ཞི་ཅིང་ཕང་གི་འབོད་སྐུལ་དང་ལེན་བྱས་ནས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་བསྐྲུན་བྱེད་པའི་རླབས་ཆེ་བའི་བྱ་བཞག་ཁྲོད་ལ་ཞུགས་ནས། རང་ཉིད་ཀྱི་ཕུགས་བསམ་མངོན་འགྱུར་དང་ཁྲིམས་འཛིན་སྲིད་འཛིན་བྱ་བཞག་གི་འཕེལ་རྒྱས་མཉམ་དུ་སྦྲེལ་དགོས། མི་སྒེར་གྱི་བཟང་པའི་ཆ་དང་སི་ཁྲོན་ཁྲིམས་འཛིན་སྲིད་འཛིན་བྱ་བཞག་གི་ཐུན་མིན་གྱི་ཆ་ཟུང་འབྲེལ་བྱས་ནས། མིག་རྒྱང་རིང་བ་དང་། འབད་བརྩོན་ལྷོད་མེད། བློས་གཏོང་ཕོད་པ། སྟོབས་ཤུགས་གཅིག་སྒྲིལ་གྱིས་དུས་རབས་གསར་པའི་ཁྲིམས་འཛིན་སྲིད་འཛིན་ན་གཞོན་གྱི་འགན་ཁུར་ཕྲག་ཏུ་ལེན་དགོས། དེས་མི་ཚད་ཕྱོགས་ཡོངས་ནས་གུང་གཞོན་ཚོགས་པ་ནན་སྐྱོངས་བྱེད་པའི་དམིགས་འབེན་མགྱོགས་མྱུར་ངང་ལག་བསྟར་བྱེད་པ་དང་། མུ་མཐུད་དུ་གུང་གཞོན་ཚོགས་པའི་ལས་ཀར་ལེགས་བཅོས་དང་ཤུགས་བསྣོན་རྒྱགས་དགོས། གུང་གཞོན་ཚོགས་པའི་ལས་བྱེད་པའི་དཔུང་ཁག་གི་སྤུས་ཀ་ཇེ་ལེགས་སུ་བཏང་ནས་ན་གཞོན་ཁྲོད་ཀྱི་དཔེ་སྟོན་ནུས་པ་དང་ན་གཞོན་གྱི་གུང་སྒྲིལ་ནུས་པ་ཇེ་མཐོར་གཏོང་དགོས།

ཚོགས་ཆེན་གྱི་རེ་བ། ཁ་ཕྱོགས་བརྟན་པོའི་རྨང་གཞིའི་ཐོག་དཔེ་ལེགས་གསར་པ་བཞེངས་པ། ཏང་གི་དར་ཆ་དང་ཏང་གི་བསམ་བློ། ཏང་གི་ལས་འགནལ་སོགས་ཏང་གི་སྡེ་ཚོགས་རྩ་འཛུགས་ཀྱི་མངོན་གསལ་གྱི་གཞི་མདོག་ལ་ཐོག་མཐའ་བར་གསུམ་དུ་སྲུང་སྐྱོབ་ནན་མོ་བྱེད་དགོས། ཞབས་ཞུའི་ལྟེ་གནས་ནས་བློས་གཏོང་གསར་པ་བསྐྲུན་པ་དང་རང་འགུལ་གྱིས་གུང་གཞོན་ཚོགས་པའི་ལས་ཀ་རྒྱལ་ཁབ་ཀྱི་དོན་ཆེན་དང་ཞིང་ཆེན་གྱི་དོན་ཆེན་ནང་ལ་བཞག་ནས་བསམ་གཞིག་ཞིབ་ཕྲ་གཏོང་དགོས། ད་དུང་ཁྲོན་ཧྲུའུ་ལས་ཀ་འཕེལ་རྒྱས་དང་ཁྲིམས་སྐྱོངས་སི་ཁྲོན་གྱི་འཛུགས་བསྐྲུན་ཁྲོད་འཕྲལ་སྒྲུབ་རུ་ཁག་གི་ནུས་པ་ཐོན་དགོས། གསར་གཏོད་ཀྱི་གོ་རིམ་ཁྲོད་དུ་མཚར་ལོངས་བྱུང་དགོས་ལ། མུ་མཐུད་དུ་ལས་ཀའི་གནས་ངེས་བཙལ་ནས་ལས་ཀའི་ཐེག་བྱེད་ཕུན་སུམ་ཇེ་ཚོགས་དང་རང་ལུས་ཀྱི་འཛུགས་བསྐྲུན་ཇེ་ལེགས་སུ་གཏོང་དགོས།  ན་གཞོན་རྣམས་ཀྱི་གུང་གཞོན་ཚོགས་པ་རྩ་འཛུགས་ཀྱི་ཁོངས་གཏོགས་ཀྱི་བསམ་པ་དང་ལས་ཀའི་ཐོབ་སྣང་ཇེ་མཐོར་གཏོང་དགོས།

ཚོགས་ཆེན་གྱིས་གཏན་འཁེལ་བྱས་པའི་གོ་རིམ་ལྟར། གུང་གཞོན་སྡེ་ཚོགས་སི་ཁྲོན་ཞིང་ཆེན་ཁྲིམས་འཛིན་ཐེན་སྐབས་དང་པོའི་ཨུ་ཡོན་ལྷན་མི་བདམས་ཐོན་བྱུང་ལ། དེའི་རྗེས་སུ་འཚོགས་པའི་གུང་གཞོན་སྡེ་ཚོགས་སི་ཁྲོན་ཞིང་ཆེན་ཁྲིམས་འཛིན་ཐེན་གྱི་སྐབས་དང་པོའི་ཨུ་ཡོན་ལྷན་ཚོགས་ཁྲོད་སྐབས་དང་པོའི་ཐེན་སྡེ་ཚོགས་ཨུ་ལྷན་གྱི་ཧྲུའུ་ཅི། ཧྲུའུ་ཅི་གཞོན་པ་བདམས་ཐོན་བྱུང་ཡོད། 


Copyright©2016-2018.AllRightsReservedསི་ཁྲོན་ཞིང་ཆེན་ཁྲིམས་འཛིན་ཐིན།
པར་དབང་ཡོད་པ།སྲིད་གཞུང་དྲ་ཚིགས་ཀྱི་རྟགས་འཛིན་ཨང་གྲངས།:bm13000003
ས་གནས།སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་ཧྲང་ཞང་ལམ་ཨང་རྟགས༢༤བ།
སྦྲགས་ཨང་།:610015ཐོ་འགོད་སྙན་སེང་ཨང་རྟགས།ཧྲུའུ་ICPཟུར༠༥༠༠༡༩༠༨
京公网备案 11010502035692号