མེན་ཧྲན་གྲོང་ཁྱེར་གྱིས་“བྱེད་ཐབས་རྣམ་པ་གསུམ་”ལ་འཇུ་སར་བྱས་ནས་སྲིད་འཛིན་ལས་ཁུངས་ཀྱི་འགན་ཁུར་མི་སྣ་ཁྲིམས་རར་ཞུགས་ཏེ་ཞུ་ལན་འདེབས་པའི་ལས་དོན་སྐུལ་འདེད་གཏིང་ཟབ་གཏོང་།

ཐོ་འགོད་དུས་ཚོད།:2023-11-14  

ད་ལོ་ནས་མེན་ཧྲན་གྲོང་ཁྱེར་གྱིས་གཅིག་གྱུར་གྱི་འཆར་འགོད་བྱེད་པར་ཤུགས་སྣོན་རྒྱག་པ་དང་། ལམ་སྲོལ་རྣམ་པ་གསུམ་ལག་ལེན་སྤྲོད་པ། ཞིབ་དཔྱད་ལྟ་སྐུལ་བྱེད་ཤུགས་ཇེ་ཆེར་གཏོང་བ་སོགས་ནུས་པ་ལྡན་པའི་བྱེད་ཐབས་བརྒྱུད་དེ་སྲིད་འཛིན་ཞུ་ལན་གྱི་ལས་ཀ་གཏིང་ཟབ་པོའི་སྒོ་ནས་སྐུལ་འདེད་གཏོང་པ་དང་། གྲོང་ཁྱེར་ཡོངས་ཀྱི་སྲིད་འཛིན་ལས་ཁུངས་ཀྱི་འགན་ཁུར་པ་ཁྲིམས་རར་ཞུགས་ཕྱོད་ཡར་མཐོན་མངོན་གསལ་དོད་པོ་བྱུང་ཅིང་། འཕར་ཚད་ཞིང་ཆེན་ཡོངས་ཀྱི་སྔོན་ན་ཐོན་ཡོད།

དང་པོ། གཅིག་གྱུར་གྱི་འཆར་འགོད་བྱེད་པ་ལ་ཤུགས་སྣོན་རྒྱག་ཅིང་འགན་འཁྲི་ལག་ལེན་བསྟར་བར་ལྡོག་སྐུལ་བྱེད་པ

གཅིག་ནི་ཞིབ་དཔྱོད་ཀྱི་དམིགས་ཡུལ་གསལ་པོ་བྱེད་པ་སྟེ། མེན་ཧྲན་གྲོང་ཁྱེར་གྱི་སྲིད་འཛིན་ལས་ཁུངས་འགན་ཁུར་པ་ཁྲིམས་རར་ཞུགས་ནས་ཞུ་ལན་འདེབས་པའི་གཏན་འབེབས་ཞེས་པ་སོགས་ཀྱི་གཏན་འབེབས་དང་རེ་འདུན་ལྟར། སྲིད་འཛིན་ལས་ཁུངས་ཀྱི་འགན་ཁུར་པ་ཁྲིམས་རར་ཞུགས་ནས་ཞུ་ལན་འདེབས་ཕྱོད་དཔྱད་ཞིབ་ དམིགས་ཚད་80%ནས་95%སྤར་བར་མ་ཟད། ཁྲིམས་རར་ཞུགས་ནས་ཞུ་ལན་བྱེད་མཁན་གྱི་འགན་ཁུར་པའི་ཁྱབ་ཡུལ་ཁ་གསལ་པོ་བྱས་པས་གྲོང་ཁྱེར་ཡོངས་ཀྱི་སྲིད་འཛིན་ཁྲིམས་རར་ཞུགས་ནས་ཞུ་ལན་འདེབས་པའི་ལས་ཀ་ལམ་ལུགས་ཅན་དང་ཚད་ལྡན་ཅན་དུ་འགྱུར་པ་ལ་སྐུལ་འདེད་ཐེབས་ཡོད

གཉིས་ནི་གཅིག་གྱུར་གྱི་མཛུབ་སྟོན་བྱེད་པར་ཤུགས་སྣོན་རྒྱག་པ་སྟེ། གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་སྲིད་འཛིན་ལས་ཁུངས་ཀྱི་འགན་ཁུར་པ་ཁྲིམས་རར་ཞུགས་ནས་ཞུ་ལན་འདེབས་པའི་ལས་ཀ་ལ་གཅིག་གྱུར་གྱིས་མཛུབ་སྟོན་བྱེད་པ་དང་། ཁྲིམས་ལུགས་བློ་འདྲི་ས་དང་མཉམ་དུ་གྲོང་ཁྱེར་སྲིད་གཞུང་དང་འབྲེལ་བའི་གཏུག་བཤེར་གྱོད་གཞི་ལ་དབྱེ་ཞིབ་བྱེད་པ་དང་རྩོད་གཞིའི་གནད་དོན་ལ་གྲོས་བསྡུར་བྱེད་པ། གྲོང་ཁྱེར་སྲིད་གཞུང་གི་དབུ་ཁྲིད་རྣམས་ཀྱིས་འགོ་ཁྲིད་དེ་ཁྲིམས་རར་ཞུ་ལན་འདེབས་པར་ཞུགས་པ་ལ་རོགས་སྐྱོར་བྱེད་པ་བཅས་ཀྱི་སྒོ་ནས་གནས་གཅིག་གིས་ངོས་ཡོངས་སྒུལ་བའི་དཔེ་སྟོན་ནུས་པ་ཐོན་པ་བྱས་ཡོད།

གསུམ་པ་ནི་གཏན་འཁེལ་གྱི་དུས་ཚད་དུ་གསལ་བསྒྲགས་བྱེད་པ་སྟེ། དུས་ཚིགས་སོ་སོ་ལ་གྲོང་ཁྱེར་ཡོངས་ཀྱི་སྲིད་འཛིན་ལས་ཁུངས་ཁྲིམས་རར་ཞུ་ལན་འདེབས་པར་ཞུགས་པའི་གནས་ཚུལ་གསལ་བསྒྲགས་བྱེད་པར་རྒྱུན་འཁྱོངས་བྱས་ཤིང་། ཁྲིམས་རར་ཞུ་ལན་འདེབས་པར་ཞུགས་པའི་ལས་ཀ་སྐུལ་འདེད་ལ་གཟབ་ནན་མ་བྱེད་པའི་སྲིད་འཛིན་ལས་ཁུངས་ལ་དེ་མ་ཐག་ཏུ་བསྒྱུར་བཅོས་རྒྱག་དགོས་པའི་རེ་འདུན་བཏོན་ཡོད།  བསྒྱུར་བཅོས་ལེགས་པོ་མ་བྱེད་པ་ལ་གྲོང་ཁྱེར་སྲིད་གཞུང་དབུ་ཁྲིད་གིས་འགན་ཁུར་པ་གཙོ་བོ་འབོད་ནས་འདྲི་གཅོད་བྱས་ཏེ། སྲིད་འཛིན་ལས་ཁུངས་ཀྱི་ཁྲིམས་ལྟར་ཁྲིམས་རར་ཞུ་ལན་འདེབས་པར་ཞུགས་དགོས་པའི་འགན་འཁྲི་ལག་ལེན་བསྟར་བར་ལྡོག་སྐུལ་བྱེད་ཡོད།

གཉིས་པ། ལམ་སྲོལ་རྣམ་པ་གསུམ་ལག་ལེན་སྤྲད་ཅིང་སྲིད་གཞུང་དང་ཁྲིམས་གླིང་མཉམ་འགུལ་བྱེད་པ།

གཅིག་ནི་སྲིད་གཞུང་དང་ཁྲིམས་གླིང་ཟུང་འབྲེལ་བྱེད་པའི་ལམ་སྲོལ་བཙུགས་པ་སྟེ། གྲོང་ཁྱེར་སྲིད་གཞུང་དང་གྲིང་ཁྱེར་འབྲིང་རིམ་ཁྲིམས་གླིང་བར་དུ་འབྲེལ་འདྲིས་བརྗེ་རེས་བྱེད་པ་ལ་ཤུགས་སྣོན་རྒྱག་པ་དང་། གྲོང་ཁྱེར་རིམ་པའི་སྲིད་གཞུང་དང་ཁྲིམས་གླིང་འབྲེལ་འདྲིས་བྱེད་པའི་ཚོགས་འདུ་སྒྲིག་སྲོལའཐུས་ཚང་བར་བཙུགས་ཡོད། གྲོང་ཁྱེར་འབྲིང་རིམ་ཁྲིམས་གླིང་གིས་དུས་ཚོད་ངེས་ཅན་ནང་དུ་གྲོང་ཁྱེར་ཡོངས་ཀྱི་སྲིད་འཛིན་ལས་ཁུངས་འགན་ཁུར་པ་ཁྲིམས་རར་ཞུ་ལན་འདེབས་པར་ཞུགས་པའི་གནས་ཚུལ་དག་སེལ་བྱས་ཏེ་གྲོང་ཁྱེར་སྲིད་གཞུང་ལ་ལས་ཀ་སྒྲུབ་སྟངས་མྱུར་དུ་ལེགས་སྒྲིག་བྱེད་རོགས་བྱས་ཤིང་། གྲོང་ཁྱེར་ཡོངས་ཀྱི་སྲིན་འཛིན་ཁྲིམས་རར་ཞུ་ལན་འདེབས་པར་ཞུགས་པའི་ལས་ཀར་ཕན་ཚུན་སྐུལ་འདེད་བྱེད་པ་ཁག་ཐེག་བྱེད་ཡོད། གཉིས་པ་ལ་འབྲེལ་གཏུགས་གཏིང་ཇེ་ཟབ་ཏུ་གཏོང་བའི་ལམ་སྲོལ། ཁྲིམས་འཛིན་ཅུས་དང་མི་དམངས་ཁྲིམས་གླིང་སོ་སོས་འབྲེལ་གཏུགས་པའི་འགན་ཁུར་མཁན་གྱི་ལས་སྒྲུབ་པ་མངགས་ནས་སྲིད་འཛིན་ཁྲིམས་རར་ཞུགས་པའི་འབྲེལ་གཏུགས་པའི་ལམ་སྲོལ་བཙུགས། མི་དམངས་ཁྲིམས་གླིང་གིས་ཁྲིམས་འཛིན་ཅུས་ལ་སྲིན་འཛིན་ཁྲིམས་རར་ཞུ་ལན་འདེབས་པར་ཞུགས་པའི་གྱོད་གཞི་བཤད་སྒོ་འབྱེད་པའི་ཆ་རྒྱག་པ་དང་། ཁྲིམས་འཛིན་ཅུས་ཀྱིས་སྲིད་འཛིན་ཁྲིམས་རར་ཞུགས་པའི་ལས་ཀའི་རྩིས་ཐོ་བཀོད་ཅིང་དྲན་གསོའི་ཡི་གེ༼ སྒྲུབ་སྐུལ་ཡི་གེ༽བསྐུར་བའི་སྒོ་ནས་ཞུ་ལན་འདེབས་དགོས་པའི་སྲིད་འཛིན་ལས་ཁུངས་ཀྱི་འགན་ཁུར་པ་དུས་ཐོག་ཏུ་ཁྲིམས་རར་ཞུགས་ནས་ཞུ་ལན་འདེབས་པ་ལ་ལྟ་སྐུལ་བྱེད་བཞིན་ཡོད།གསུམ་པ་ནི་ཁྲིམས་རའི་འདྲི་གཅོད་ལ་ཟུར་ཉན་བྱེད་པའི་ལམ་སྲོལ་ཁྱབ་སྤེལ་གཏོང་བ་སྟེ། ཁྲིམས་རའི་འདྲི་གཅོད་ཟུར་ཉན་བྱེད་པའི་ལས་ཀ་དེ་སྲིད་གཞུང་དང་ཁྲིམས་གླིང་གཉིས་ཀས་མཉམ་དུ་བསྒྲུབ་དགོས་པའི་ཐོར་བཀོད་པ་དང་། སྲིད་འཛིན་ལས་ཁུངས་ཀྱི་འགན་འཁུར་པ་དང་ལས་སྒྲུབ་མི་སྣ་སྒྲིག་འཛུགས་བྱས་ཏེ་ཡུལ་དངོས་སུ་སླེབས་ནས་སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་ཚད་མཐོན་པོ་ཡོད་པ་དང་ཡོངས་ཁྱབ་རང་བཞིན་ཅན་གྱི་སྲིད་འཛིན་གཏུགས་བཤེར་གྱོད་གཞི་ལ་ ཟུར་ཉན་བྱེད་བཅུག་སྟེ། གྱོད་གཞིར་བརྟེན་ནས་ཁྲིམས་ལུགས་འགྲེལ་པ་དང་གྱོད་གཞི་དང་བསྟུན་ནས་ཁྲིམས་ལུགས་བཤད་པའི་སྒོ་ནས་ སྲིན་འཛིན་ལས་ཁུངས་ཀྱི་འགན་ཁུར་པ་དང་ལས་སྒྲུབ་མི་སྣའི་གོ་རིམ་གྱི་བསམ་བློ་དང་བདེན་དཔང་གི་བསམ་བློ། གཏུགས་བཤེར་གྱི་བསམ་བློ། ཁྲིམས་ལྟར་སྲིད་འཛིན་བྱེད་པའི་བསམ་བློ་བཅས་ མུ་མཐུད་དུ་ཇེ་མཐོ་དང་། དེའི་ཁྲིམས་རར་ཞུགས་ནས་ཞུ་ལན་འདེབས་སྟངས་ལེགས་བཅོས་བྱེད་པ་ལ་སྐུལ་འདེད་དང་སྲིད་འཛིན་ཁྲིམས་རར་ཞུ་ལན་འདེབས་པར་ཞུགས་པའི་ནུས་པ་ཇེ་མཐོར་གཏོང་ཡོད།

གསུམ་པ། དཔྱད་ཞིབ་དང་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་ཅིང་ནུས་པ་ཇེ་མཐོར་གཏང་བར་སྐུལ་འདེད་བྱེད་པ།

གཅིག་ནི་དཔྱད་ཞིབ་བྱེད་སྟངས་གསར་བཏོད་བྱེད་པ་སྟེ དཔྱད་ཞིབ་ཀྱི་བཀོད་འདོམས་བྱེད་པའི་ནུས་པ་བཏོན་ཏེ། སྲིད་འཛིན་ལས་ཁུངས་ཀྱི་འགན་ཁུར་པ་ཁྲིམས་རར་ཞུ་ལན་འདེབས་པར་ཞུགས་པའི་ལས་ཀ་དེ་ཕྱོགས་ཡོངས་ནས་ཁྲིམས་ལྟར་གྲོང་ཁྱེར་སྐྱོང་པའི་དམིགས་ཚད་དཔྱད་ཞིབ་ཀྱི་མ་ལག་ནང་དུ་བཞག་པ་དང་། མི་དམངས་ཁྲིམས་གླིང་དང་ཁྲིམས་འཛིན་ཅུས་ཀྱིས་དཔྱད་བསྡུར་གཉིསབྱེད་པའི་ལམ་སྲོལ་ལག་བསྟར་བྱས་ནས་གོམ་གང་མདུན་སྤོས་ཀྱིས་སྲིད་འཛིན་ལས་ཁུངས་ཀྱི་ཁྲིམས་རར་ཞུགས་ནས་ཞུ་ལན་འདེབས་པའི་ལས་ཀ་ལ་མཐོང་ཆེན་བྱེད་ཚད་ཇེ་མཐོར་བཏང་། གཉིས་པ་ནི་དཔྱད་ཞིབ་ཀྱི་ཚད་གཞི་ཞིབ་ཕྲར་བཏང་བ་སྟེ། སྲིད་འཛིན་ལས་ཁུངས་ཀྱི་འགན་ཁུར་པ་ཁྲིམས་རར་སླེབས་ནས་ཁ་མི་གྲགས་པ་དང་ལན་སྣེ་ལ་མི་འཁེལ་པ་འདེབས་པའི་གནས་ཚུལ་ལ་ཁ་ཕྱོགས་ནས། དཔྱད་ཞིབ་ཀྱི་དམིགས་ཚད་ཚད་ལྡན་བསྒྱུར་པ་དང་། སྐར་འདེབས་ཀྱི་ཚད་གཞི་གཟབ་ནན་བྱེད་པ། གཙོ་བོ་ཁྲིམས་རར་ཞུགས་ནས་ཞུ་ལན་འདེབས་པའི་སྤུས་ཀ་ལ་ཞིབ་དཔྱད་བྱེད་པ་བཅས་ཀྱིས་སྲིད་འཛིན་ལས་ཁུངས་ཀྱི་འགན་ཁུར་པས་འགན་ཁུར་ལས་སྒྲུབ་པར་ལྟ་སྐུལ་བྱེད་ཡོད། གསུམ་པ་ནི་ལས་ཀར་ལྟ་སྐུལ་སློབ་སྟོན་བྱེད་པར་ཤུགས་སྣོན་བྱེད་པ་སྟེ། སྲིད་འཛིན་ལས་ཁུངས་ཀྱི་འགན་ཁུར་པ་ཁྲིམས་རར་ཞུ་ལན་འདེབས་མཁན་ཞུགས་པའི་ལས་ཀའི་གནས་ཚུལ་ཕྱོགས་ཡོངས་ནས་ཁྲིམས་ལྟར་གྲོང་ཁྱེར་སྐྱོང་པའི་ལྟ་སྐུལ་བྱ་རྒྱུའི་ནང་དོན་དུ་བཞག་སྟེ། ལོ་ཕྱེད་རེ་ལ་ཟུར་བཤེར་རེ་དང་ལོ་ལྔ་རེ་ལ་རྟགས་དཔྱད་ཆེན་པོ་རེ། ལོ་རེ་ལ་གསལ་བསྒྲགས་རེབྱེད་པའི་ལྟ་སྐུལ་བྱེད་སྟངས་ལག་ལེན་བསྟར་རྒྱུ་ཡོད་པ་དང་། སྲིད་འཛིན་ལས་ཁུངས་ཀྱི་འགན་ཁུར་པ་རང་འགུལ་ངང་ཁྲིམས་རར་ཞུ་ལན་འདེབས་པར་ཞུགས་པའི་བསམ་བློ་སྐྱེས་པར་སྐུལ་འདེད་བྱེད་ཅིང་ཁྲིམས་རར་ཞུགས་ནས་ཞུ་ལན་འདེབས་པའི་སྤུས་འབྲས་ཇེ་བཟང་དུ་གཏོང་ལ། སྲིད་འཛིན་རྩོད་པ་ངོ་བོའི་ཐོག་ནས་སེལ་བ་ལ་སྐུལ་འདེད་བྱེད་ཡོད།

 

Copyright©2016-2018.AllRightsReservedསི་ཁྲོན་ཞིང་ཆེན་ཁྲིམས་འཛིན་ཐིན།
པར་དབང་ཡོད་པ།སྲིད་གཞུང་དྲ་ཚིགས་ཀྱི་རྟགས་འཛིན་ཨང་གྲངས།:bm13000003
ས་གནས།སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་ཧྲང་ཞང་ལམ་ཨང་རྟགས༢༤བ།
སྦྲགས་ཨང་།:610015ཐོ་འགོད་སྙན་སེང་ཨང་རྟགས།ཧྲུའུ་ICPཟུར༠༥༠༠༡༩༠༨
京公网备案 11010502035692号