​ཟླ་བ་བཅུ་གཅིག་པའི་ཚེས་བཅུ་ཉིན་ལ། ཁྲེན་ཏུའུ་གྲོང་ཁྱེར་གྱི་སྤྱི་དམངས་ཀྱི་ཁྲིམས་སྐྱོང་བྱང་ཚད་ཡར་རྒྱས་གཏོང་བའི་ཚོད་ལྟའི་བྱ་འགུལ་ལས་ཀ་དབུ་འཛུགས་པའི་མཛད་སྒོ་ཐན་ཧྥོང་ཀྲུང་དབྱང་ཁྲིམས་དོན་ཁུལ་དུ་སྤེལ་བ་རེད

ཐོ་འགོད་དུས་ཚོད།:2023-11-14  

ཟླ་བ་བཅུ་གཅིག་པའི་ཚེས་བཅུ་ཉིན་ལ། ཁྲེན་ཏུའུ་གྲོང་ཁྱེར་གྱི་སྤྱི་དམངས་ཀྱི་ཁྲིམས་སྐྱོང་བྱང་ཚད་ཡར་རྒྱས་གཏོང་བའི་ཚོད་ལྟའི་བྱ་འགུལ་ལས་ཀ་དབུ་འཛུགས་པའི་མཛད་སྒོ་ཐན་ཧྥོང་ཀྲུང་དབྱང་ཁྲིམས་དོན་ཁུལ་དུ་སྤེལ་བ་རེད། མཛད་སྒོ་དེ་ནི། ཁྲིམས་འཛིན་པུའུ་ཡི་ཁྲིམས་ལུགས་ཁྱབ་གདའ་དང་ཁྲིམས་བསྟུན་དོ་དམ་ཅུས་དང་། ཞིང་ཆེན་ཨུ་ཡོན་ཁྲིམས་ལྟར་ཞིང་སྐྱོང་གཞུང་ལས་ཁང་། ཞིང་ཆེན་དྲིལ་བསྒྲགས་པུའུ། སློབ་གསོ་ཐིང་། ཁྲིམས་འཛིན་ཐིང་བཅས་ཀྱིས་མཛུབ་སྟོན་འོག། ཁྲེན་ཏུའུ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་ཁྲིམས་ལྟར་གྲོང་ཁྱེར་སྐྱོང་པའི་གཞུང་ལས་ཁང་དང་། གྲོང་ཁྱེར་དྲིལ་བསྒྲགས་པུའུ། གྲོང་ཁྱེར་ཨུ་ཡོན་ལྷ་ཁང་སྤྱི་ཚོགས་བཅོས་སྐྱོང་ཨུ་ཡོན། གྲོང་ཁྱེར་སློབ་གསོ་ཅུས། གྲོང་ཁྱེར་ཁྲིམས་འཛིན་ཅུས་བཅས་ཀྱིས་གཙོ་སྐྱོང་གནང་པ་རེད།

རྒྱལ་ཡོངས་བརྒྱད་ལྔ་ཁྲིམས་ལུགས་དར་ཁྱབ་འཆར་འགོད་ཀྱི་བཀོད་སྒྲིག་ལྟར། ཁྲིམས་འཛིན་པུའུ་དང་རྒྱལ་ཡོངས་ཁྲིམས་ལུགས་ཁྱབ་གདའ་གཞུང་ལས་ཁང་གིས་ཁྲེན་ཏུའུ་གྲོང་ཁྱེར་སོགས་ཚོད་ལྟ་བྱེད་སའི་གནས་བརྒྱད་དུ་སྤྱི་དམངས་ཀྱི་ཁྲིམས་ལུགས་བྱང་ཚད་ཡར་ཐོན་གཏོང་བའི་ཚོད་ལྟའི་བྱ་འགུལ་སྤེལ་བ་ཐག་བཅད་དེ། རྒྱལ་ཡོངས་སུ་སྤྱི་དམངས་ཀྱི་ཁྲིམས་ལུགས་བྱང་ཚད་ཇེ་མཐོར་གཏོང་བའི་བྱ་འགུལ་སྤེལ་བ་ལ་མིག་དཔེ་བསྟན།  ཚོད་ལྟ་བྱ་ཡུལ་ནི་རྒྱལ་ཁབ་ཀྱི་ལས་སྒྲུབ་མི་སྣ་དང་། དབུ་ཁྲིད་ལས་བྱེད། གཞོན་ནུ། གྲོང་པའི་སྡེ་ཁུལ་གྱི་བཅའ་སྡོད་མི་སེར། ཞིང་སྡེའི་ཞིང་པ། ཁེ་ལས་དང་བྱ་གཞག་ལས་ཁུངས་ཀྱི་དོ་དམ་མི་སྣ་སོགས་ཡིན། ཚོད་ལྟ་བྱེད་སའི་གནས་སོ་སོས་ཁྲིམས་ལུགས་ཁྱབ་གདའ་གཏང་སའི་ཡུལ་མི་གཙོ་བོ་བདམས་ནས་ཚོད་ལྟའི་ལས་ཀ་སྒྲུབ་དགོས། ཚོད་ལྟ་བྱེད་སའི་གནས་བརྒྱད་ལས་ཞིང་ཆེན་རིམ་པ་གཞོན་པའི་གྲོང་ཁྱེར་ཁོ་ན་གཅིག་དང་ལྷོ་ནུབ་ས་ཁུལ་གྱི་ཚོད་ལྟ་བྱེད་སའི་གནས་གཅིག་ཁོ་ནར་གྱུར་པའི་ཁྲེན་ཏུའུ་གྲོང་ཁྱེར་གྱིས་གཞོན་ནུ་དང་། གྲོང་པ་༼ སྡེ་ཁུལ༽ཡི་བཅའ་སྡོད་མི་སེར་ཀྱི་ཁྲིམས་ལུགས་བྱང་ཚད་ཇེ་མཐོར་གཏོང་བའི་བྱ་འགུལ་ཚོད་ལྟ་བྱེད་རྒྱུའི་ལས་འགན་ཁུར་ཡོད།

ཆ་རྒྱུས་བྱུང་བ་ལ། ཁྲེན་ཏུའུ་གྲོང་ཁྱེར་གྱིས་སྔོན་ལ་ཇུས་གཞི་བཏོན་ཟིན་ཞིང་། ཚོད་ལྟ་ལས་སྒོ་ཕྱེ་རྗེས་རྒྱལ་ཁབ་ཀྱི་ལས་སྒྲུབ་མི་སྣ་ལ་ཁྲིམས་སྐྱོང་འཇོན་འཕེལ་དང་། ན་གཞོན་ལ་ཁྲིམས་ལུགས་སྦྱོང་ཞིང་རྨང་གཞི་འདིང་པ། གྲོང་པ༼སྡེ་ཁུལ༽ལ་ཁྲིམས་ཤེས་ལུགས་གསལ །  ཁེ་ལས་༼ལས་ཁུངས༽མི་སྣ་ལ་ཁྲིམས་སྲུང་ཞིང་རྡོག་རྩ་སྒྲིལཞེས་པའི་ལས་འགུལ་ཆེན་པོ་བཞི་སྤེལ་རྩིས་ཡོད་པ་རེད། ཉེ་ཆར། ད་དུང་ཁྲེན་ཏུའུ་ལ་སྤྱི་དམངས་ཀྱི་ཁྲིམས་ལུགས་བྱང་ཚད་ཀྱི་ལྟ་ཞིབ་ཚད་ལེན་བྱེད་ས་བཙུགས་ཏེ། ཚོ་དང་པོའི་ལྟ་ཞིབ་ཚད་ལེན་བྱེད་ས་༢༣་ཡིས་ཁུལ་དང་གྲོང་ཁྱེར་རྫོང་ཡོངས་སུ་ཁྱབ་ཐུབ་ཡོད་པར་མ་ཟད།  སྤྱི་དམངས་ཀྱི་ཁྲིམས་ལུགས་བྱང་ཚད་ཇེ་མཐོར་གཏོང་བའི་བྱ་འགུལ་ཚོད་ལྟ་བྱེད་སའི་ལྟ་ཞིབ་པ་མི་གྲངས་བརྒྱ་གདན་འདྲེན་ཞུས་ནས་འབྲེལ་ཡོད་ལས་ཀ་སྒྲུབ་བཞིན་ཡོད། 

Copyright©2016-2018.AllRightsReservedསི་ཁྲོན་ཞིང་ཆེན་ཁྲིམས་འཛིན་ཐིན།
པར་དབང་ཡོད་པ།སྲིད་གཞུང་དྲ་ཚིགས་ཀྱི་རྟགས་འཛིན་ཨང་གྲངས།:bm13000003
ས་གནས།སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་ཧྲང་ཞང་ལམ་ཨང་རྟགས༢༤བ།
སྦྲགས་ཨང་།:610015ཐོ་འགོད་སྙན་སེང་ཨང་རྟགས།ཧྲུའུ་ICPཟུར༠༥༠༠༡༩༠༨
京公网备案 11010502035692号