ཐེབས་རྩ་ཚོགས་པའི་དོ་དམ་སྲོལ་ཡིག

ཐོ་འགོད་དུས་ཚོད།:2020-11-13  

ཐེབས་རྩ་ཚོགས་པའི་དོ་དམ་སྲོལ་ཡིག

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིས་སྤྱི་ཁྱབ་ཁང་གི་བཀའ་ཡིག་ཨང་༤༠༠བ།

ཐེབས་རྩ་ཚོགས་པའི་དོ་དམ་སྲོལ་ཡིགདེ་སྤྱི་ལོ་༢༠༠༤ལོ་ཟླ་བ་༢ཚེས་༤ཉིན་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཐེངས་སོ་བརྒྱད་པའི་སྟེང་ནས་གྲོས་འཆམ་བྱུང་ནས་སྤྱི་བསྒྲགས་བྱེད་པ་དང་། སྤྱི་ལོ་༢༠༠༤ལོ་ཟླ་བ་༦ཚེས་༡ཉིན་ནས་ལག་བསྟར་བྱེད་པ་ཡིན།

ཙུང་ལི་ཝུན་ཅ་པའོ།

༢༠༠༤ལོ་ཟླ་བ་༣ཚེས་༨ཉིན།

ལེའུ་དང་པོ། སྤྱི་དོན།

        དོན་ཚན་དང་པོ། ཐེབས་རྩ་ལྷན་ཚོགས་ཀྱིས་སྒྲིག་འཛུགས་བྱས་པའི་སྡོམ་བྱེད་སྒོ་ཚད་ལྡན་དུ་གཏོང་བ་དང་།ཐེབས་རྩ་ལྷན་ཚོགས་དང་ཞལ་འདེབས་རྒྱག་མཁན་གྱིས་ཕན་ཆ་ཐོབ་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པ།སྤྱི་ཚོགས་ཀྱི་སྟོབས་ཤུགས་སྤྱི་ཕན་བྱ་གཞག་ནང་ཞུགས་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་སྲོལ་ཡིག་འདི་བཟོས་པ་ཡིན། 

 

དོན་ཚན་གཉིས་པ། སྲོལ་ཡིག་འདིའི་ནང་འཁོད་པའི་ཐེབས་རྩ་ལྷན་ཚོགས་ཞེས་པ་ནི་རང་བྱུང་མི་དང་ཁྲིམས་མིའམ་ཡང་ན་རྩ་འཛུགས་གཞན་དག་གིས་ཞལ་འདེབས་བརྒྱབ་པའི་རྒྱུ་ནོར་བེད་སྤྱད་ནས་སྤྱི་ཕན་བྱ་གཞག་བསྒྲུབ་རྒྱུ་དམིགས་ཡུལ་དུ་བཟུང་ནས་སྲོལ་ཡིག་འདིའི་གཏན་འཁེལ་ལྟར་ཚུགས་པ་བྱེད་པའི་ཁེ་གཉེར་རང་བཞིན་མིན་པའི་ཁྲིམས་མི་ལ་ཟེར། 


        དོན་ཚན་གསུམ་པ། ཐེབས་རྩ་ལྷན་ཚོགས་དེ་སྤྱི་དམངས་ལ་ཁ་ཕྱོགས་ནས་ཞལ་འདེབས་སློང་བའི་ཐེབས་རྩ་ལྷན་ཚོགས་གཤམ་དུ་བསྡུས་མིང་ལ་ཡོངས་བསྒྲགས་ཞལ་འདེབས་ཐེབས་རྩ་ལྷན་ཚོགས་ཞེས་འབོད་རྒྱུ་སུ་དབྱེ་ཡོད།སྡོམ་ཀྱིས་སྤྱི་དམངས་ལ་ཁ་ཕྱོགས་ནས་ཞལ་འདེབས་སློང་བའི་ཐེབས་རྩ་ལྷན་ཚོགས་གཤམ་དུ་བསྡུས་མིང་ལ་ཡོངས་བསྒྲགས་མིན་པའི་ཞལ་འདེབས་ཐེབས་རྩ་ལྷན་ཚོགས་ཞེས་འབོད་རྒྱུ་མི་ཆོག ཞལ་འདེབས་ཐེབས་རྩ་ཚོགས་པས་ཞལ་འདེབས་བསྡུ་བའི་ས་ཁོངས་ཀྱི་ཁྱབ་ཁོངས་ལྟར།རྒྱལ་ཡོངས་རང་བཞིན་གྱི་ཞལ་འདེབས་ཐེབས་རྩ་ཚོགས་པའི་སྡོམ་ཀྱི་ས་གནས་རང་བཞིན་གྱི་ཞལ་འདེབས་ཐེབས་རྩ་ལྷན་ཚོགས་སུ་དབྱེ་ཡོད། 

       དོན་ཚན་བཞི་པ། ཐེབས་རྩ་ལྷན་ཚོགས་ཀྱིས་ངེས་པར་དུ་རྩ་ཁྲིམས་དང་།བཅའ་ཁྲིམས།ཁྲིམས་སྲོལ།སྒྲིག་སྲོལ་བཅས་ཀྱི་སྡོམ་རྒྱལ་ཁབ་ཀྱི་སྲིད་ཇུས་བརྩི་སྲུང་བྱ་དགོས་པ་ལས།རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བ་དང་།གཅིག་གྱུར་གྱིས་སྡོམ་བྱེད་པའི་མི་རིགས་མཐུན་སྒྲིལ་ལ་གནོད་འཚེ་གཏོང་མི་ཆོག་པ་དང་།སྤྱི་ཚོགས་ཀྱི་ཀུན་སྤྱོད་དང་འགལ་མི་ཆོག 


         དོན་ཚན་ལྔ་པ། ཐེབས་རྩ་ལྷན་ཚོགས་ཀྱིས་སྒྲིག་ཡིག་ལྟར་སྤྱི་ཕན་བྱེད་སྒོ་སྤེལ་བར་ཡོངས་བསྒྲགས་དང་ཕྱི་གསལ་ནང་གསལ་གྱི་རྩ་དོན་ལ་བརྩི་སྲུང་ཞུ་དགོས། 

        དོན་ཚན་དྲུག་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམངས་སྲིད་སྡེ་ཁག་གིས་ཞིང་ཆེན་དང་།རང་སྐྱོང་ལྗོངས།ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་དམངས་སྲིད་སྡེ་ཁག་ནི་ཐེབས་རྩ་ཚོགས་པའི་ཐོ་འགོད་དོ་དམ་ལས་ཁུངས་ཡིན། 

 

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམངས་སྲིད་སྡེ་ཁག་གིས་གཤམ་གསལ་གྱི་ཐེབས་རྩ་ལྷན་ཚོགས་དང་ཐེབས་རྩ་ལྷན་ཚོགས་ཀྱི་འཐུས་ཚབ་ལས་ཁུངས་ཀྱི་ཐོ་འགོད་དོ་དམ་ལས་ཀ་སྒྲུབ་འགན་འཁུར་རྒྱུ་སྟེ། 

གཅིགརྒྱལ་ཡོངས་རང་བཞིན་གྱི་ཡོངས་བསྒྲགས་ཞལ་འདེབས་ཐེབས་རྩ་ལྷན་ཚོགས་དང་། 

གཉིས།ནང་ལོགས་ས་ཁུལ་གྱི་གྲོང་མི་མ་ཡིན་པས་ཁྲིམས་བཀོད་འཐུས་ཚབ་པའི་འགན་འཁུར་བའི་ཐེབས་རྩ་ལྷན་ཚོགས། 

གསུམཐོག་མའི་ཐེབས་རྩ་སྒོར་ཁྲི་2000ལས་བརྒལ་ཏེ་འཛུགས་པ། 
  
 བཞི།རྒྱལ་ཁོངས་ཕྱིའི་ཐེབས་རྩ་ལྷན་ཚོགས་ཀྱིས་ཀྲུང་གོའི་ནང་ལོགས་ས་ཁུལ་དུ་བཙུགས་པའི་འཐུས་ཚབ་ལས་ཁུངས་བཅས་ཡིན། 

ཞིང་ཆེན་དང་།རང་སྐྱོང་ལྗོངས།ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་དམངས་སྲིད་སྡེ་ཁག་གིས་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་ས་གནས་ཀྱི་ངོ་བོ་ལྡན་པའི་ཡོངས་བསྒྲགས་སུ་ཞལ་འདེབས་བསྡུ་བའི་ཐེབས་རྩ་ཚོགས་པའི་སྡོམ་དེ་ནང་གསེས་དོན་ཚན་གོང་མའི་གཏན་འཁེལ་གྱི་གནས་ཚུལ་ཁོངས་སུ་གཏོགས་མེད་པའི་ཡོངས་བསྒྲགས་སུ་ཞལ་འདེབས་བསྡུ་བའི་ཐེབས་རྩ་ཚོགས་པའི་ཐོ་འགོད་དོ་དམ་ལས་ཀ་བྱེད་འགན་འཁུར་རྒྱུ། 


        དོན་ཚན་བདུན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དབང་ཆ་བསྐུར་བའི་རྩ་འཛུགས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམངས་སྲིད་སྡེ་ཁག་གིས་ཐོ་འགོད་བྱས་པའི་ཐེབས་རྩ་ལྷན་ཚོགས་དང་།མངའ་ཁོངས་ཕྱི་རོལ་གྱི་ཐེབས་རྩ་ཚོགས་པའི་འཐུས་ཚབ་ལས་ཁུངས་ཀྱི་ལས་སྒོ་གཙོ་སྐྱོང་སྡེ་ཚན་ཡིན། 


       ཞིང་ཆེན་དང་།རང་སྐྱོང་ལྗོངས།ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གམ་ཞིང་ཆེན་དང་།རང་སྐྱོང་ལྗོངས།ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་དབང་བསྐུར་བའི་རྩ་འཛུགས་ནི་ཞིང་ཆེན་དང་།རང་སྐྱོང་ལྗོངས།ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་དམངས་སྲིད་སྡེ་ཁག་གིས་ཐོ་འགོད་བྱས་པའི་ཐེབས་རྩ་ཚོགས་པའི་ལས་སྒོ་གཙོ་སྐྱོང་སྡེ་ཚན་ཡིན། 

 

 

ལེའུ་གཉིས་པ། གསར་འཛུགས་དང་བསྒྱུར་བཅོས། ཐོ་ཁོངས་ནས་གསུབ་པའི་སྐོར།

དོན་ཚན་དགུ་པ། ཐེབས་རྩ་ལྷན་ཚོགས་འཛུགས་རེ་ཞུ་བར་རེ་འདུན་ཞུ་མཁན་གྱིས་ཐོ་འགོད་དོ་དམ་ལས་ཁུངས་ལ་གཤམ་གསལ་གྱི་ཡིག་ཆ་འདོན་སྤྲོད་བྱ་དགོས་པ་སྟེ། 

གཅིགརེ་འདུན་ཞུ་ཡིག་དང་། 

གཉིས།སྒྲིག་ཡིག་གི་མ་ཟིན། 

གསུམམ་དངུལ་ཞིབ་བཤེར་གྱིས་སྡོམ་གནས་སའི་བདེན་དཔང་ར་སྤྲོད་བྱ་རྒྱུ།

 བཞི།ལས་འཛིན་པའི་མིང་ཐོ་དང་།ཐོབ་ཐང་དཔང་རྟགས།དེ་བཞིན་ལས་འཛིན་འགོ་གཙོ་དང་།ལས་འཛིན་འགོ་གཙོ་གཞོན་པ།དྲུང་ཡིག་ཆེན་མོ་བཅས་ཀྱི་ལོ་རྒྱུས་མདོར་བསྡུས། 

ལྔ།ལས་སྒོ་གཙོ་སྐྱོང་སྡེ་ཚན་གྱིས་འཛུགས་རྒྱུར་མོས་མཐུན་བྱས་པའི་ཡིག་ཆ། 
      དོན་ཚན་བཅུ་པ།ཐེབས་རྩ་ལྷན་ཚོགས་ཀྱི་སྒྲིག་ཡིག་ནང་ངེས་པར་དུ་ཐེབས་རྩ་ལྷན་ཚོགས་ཀྱི་སྤྱི་ཕན་ངོ་བོ་གཏན་འཁེལ་གསལ་པོ་བྱ་དགོས་པ་ལས།དམིགས་འཛུགས་ཀྱི་རང་བྱུང་མི་དང་ཁྲིམས་མིའམ་ཡང་ན་རྩ་འཛུགས་གཞན་དག་ལ་ཕན་ཁེ་ཐོབ་ཏུ་འཇུག་པའི་ནང་དོན་གཏན་འཁེལ་བྱས་མི་ཆོག 

ཐེབས་རྩ་ལྷན་ཚོགས་ཀྱི་སྒྲིག་ཡིག་ནང་གཤམ་གསལ་གྱི་དོན་ཚན་གསལ་འགོད་བྱེད་དགོས། 

གཅིགམིང་དང་སྡོད་གནས་དང་། 

གཉིས།དམིགས་ཡུལ་སྡོམ་བྱེད་པའི་སྤྱི་ཕན་བྱེད་སྒོ་སྤེལ་བའི་ལས་སྒོའི་ཁྱབ་ཁོངས། 

གསུམ།ཐོག་མའི་ཐེབས་རྩའི་གྲངས་འབོར། 

བཞི།ལས་འཛིན་ལྷན་ཚོགས་ཀྱི་གྲུབ་ཚུལ་དང་།འགན་དབང་སྐོར་གྱི་དོན་དག་གྲོས་མོལ་བྱེད་སྲོལ།ལས་འཛིན་པའི་ཐོབ་ཐང་།བདམས་ཐོན་བྱུང་བའི་གོ་རིམ་གྱི་སྡོམ་གི་འགན་འཛིན་ཡུན་ཚད། 

ལྔཁྲིམས་བཀོད་འཐུས་ཚབ་པའི་འགན་འཁྲི། 

དྲུགལྟ་ཞིབ་པའི་འགན་འཁྲི་དང་།ཐོབ་ཐང་།ཐོན་རིམ་བཅས་ཀྱི་སྡོམ་གི་འགན་འཛིན་ཡུན་ཚད།

 བདུན།ནོར་དོན་རྩིས་གཉེར་སྙན་ཞུ་བཟོ་འགོད་དང་ཞིབ་བཤེར་གཏན་འབེབས་བྱེད་པའི་ལམ་ལུགས། 

བརྒྱད།རྒྱུ་ནོར་དོ་དམ་དང་བེད་སྤྱོད་བྱེད་པའི་ལམ་ལུགས། 

དགུཐེབས་རྩ་ཚོགས་པའི་མཚམས་འཇོག་པའི་ཆ་རྐྱེན་དང་།གོ་རིམ་སྡོམ་མཇུག་རྫོགས་རྗེས་ཀྱི་རྒྱུ་ནོར་གྱི་ཐག་གཅོད། 

 

དོན་ཚན་བཅུ་གཅིག་པ། ཐོ་འགོད་དོ་དམ་ལས་ཁུངས་ཀྱིས་ངེས་པར་དུ་སྲོལ་ཡིག་འདིའི་དོན་ཚན་དགུ་པའི་ནང་འཁོད་ཀྱི་གོ་ཆོད་ཡིག་ཆ་ཆ་ཚང་འབྱོར་ཉིན་ནས་བཟུང་ཉིན་60ནང་ཚུན་ཐོ་འགོད་བྱེད་ཆོག་མིན་ཐག་གཅོད་བྱེད་དགོས། ཐོ་འགོད་བྱས་ཆོག་རིགས་ལ་ཐེབས་རྩ་ལྷན་ཚོགས་ཀྱི་ཁྲིམས་མིའི་ཐོ་འགོད་ལག་ཁྱེར་སྤྲོད་རྒྱུ་དང་། ཐོ་འགོད་མ་བྱས་ན།ཡིག་ཐོག་ནས་རྒྱུ་མཚན་གསལ་བཤད་བྱ་དགོས།

 

ཐེབས་རྩ་ལྷན་ཚོགས་འཛུགས་རྒྱུའི་ཐོ་འགོད་དོན་ཚན་ནང་མིང་དང་།སྡོད་གནས།རིགས་གྲས་།དམིགས་ཡུལ།སྤྱི་ཕན་བྱེད་སྒོའི་ལས་སྒོའི་ཁྱབ་ཁོངས།གདོད་མའི་ཐེབས་རྩའི་གྲངས་འབོར་སྡོམ་གི་ཁྲིམས་བཀོད་འཐུས་ཚབ་བཅས་ཚུད་ཡོད།

དོན་ཚན་བཅུ་གཉིས་པ། ཐེབས་རྩ་ལྷན་ཚོགས་ཀྱིས་ཡན་ལག་ལས་ཁུངས་དང་།འཐུས་ཚབ་ལས་ཁུངས་འཛུགས་རྩིས་ཡོད་ན།དེ་སྔའི་ཐོ་འགོད་དོ་དམ་ལས་ཁུངས་ལ་ཐོ་འགོད་ཡོང་རེ་ཞུ་དགོས་པ་མ་ཟད།འཛུགས་རྩིས་ཡོད་པའི་ལས་ཁུངས་ཀྱི་མིང་དང་།སྡོད་གནས་དང་སྡོམ་ཀྱི་འགན་འཁུར་བ་སོགས་གནས་ཚུལ་གྱི་ཡིག་ཆ་འབུལ་དགོས། 

 

ཐོ་འགོད་དོ་དམ་ལས་ཁུངས་ཀྱིས་གོང་གསལ་ནང་གསེས་དོན་ཚན་ནང་བཀོད་པའི་སྤྱོད་གོ་ཆོད་པའི་ཡིག་ཆ་ཚང་མ་འབྱོར་ཉིན་ནས་བཟུང་ཉིན་60ནང་ཚུན་ཐོ་འགོད་བྱས་ཆོག་མིན་ཐག་གཅོད་དགོས། ཐོ་འགོད་བྱས་ཆོག་རིགས་ལཐེབས་རྩ་ལྷན་ཚོགས་ཀྱི་ཡན་ལག་འཐུས་ཚབལས་ཁུངས་ཀྱི་ཐོ་འགོད་ལག་ཁྱེརསྤྲོད་རྒྱུ་དང་། ཐོ་འགོད་མ་བྱས་ན།ཡིག་ཐོག་ནས་རྒྱུ་མཚན་གསལ་བཤད་བྱ་དགོས། 

 

ཐེབས་རྩ་ཚོགས་པའི་ཡན་ལག་སྒྲིག་གཞི་དང་ཐེབས་རྩ་ཚོགས་པའི་འཐུས་ཚབ་སྒྲིག་གཞིས་ཐོ་འགོད་བྱས་པའི་དོན་ཚན་ནང་མིང་དང་།སྡོད་གནས།སྤྱི་ཕན་བྱེད་སྒོ་བཅས་ཀྱི་ལས་སྒོའི་ཁྱབ་ཁོངས་ཀྱི་སྡོམ་འགན་འཁུར་བ་ཚུད་ཡོད། 

 

ཐེབས་རྩ་ཚོགས་པའི་ཡན་ལག་ལས་ཁུངས་དང་ཐེབས་རྩ་ཚོགས་པའི་འཐུས་ཚབ་ལས་ཁུངས་ཀྱིས་ཐེབས་རྩ་ལྷན་ཚོགས་ཀྱི་དབང་བསྐུར་ལྟར་བྱེད་སྒོ་སྤེལ་བར་ཁྲིམས་མིའི་ཐོབ་ཐང་མེད། 

 

དོན་ཚན་བཅུ་གསུམ་པ། རྒྱལ་ཁོངས་ཕྱིའི་ཐེབས་རྩ་ལྷན་ཚོགས་ཀྱིས་ཀྲུང་གོའི་ནང་ལོགས་ས་ཁུལ་དུ་འཐུས་ཚབ་ལས་ཁུངས་འཛུགས་པར་འབྲེལ་ཡོད་ལས་སྒོའི་གཙོ་སྐྱོང་སྡེ་ཚན་གྱི་མོས་མཐུན་ཐོབ་རྗེས་ཐོ་འགོད་དོ་དམ་ལས་ཁུངས་ལ་གཤམ་གསལ་གྱི་ཡིག་ཆ་འདོན་སྤྲོད་བྱ་དགོས་པ་སྟེ། 

གཅིགརེ་འདུན་ཞུ་ཡིག་དང་། 

གཉིས།ཐེབས་རྩ་ལྷན་ཚོགས་ཀྱིས་རྒྱལ་ཁོངས་ཕྱིར་བཅའ་ཁྲིམས་ལྟར་ཚུགས་པ་ཐོ་འགོད་བྱས་པའི་སྡོམ་ཐེབས་རྩ་ཚོགས་པའི་སྒྲིག་ཡིག

 གསུམ།འཐུས་ཚབ་ལས་ཁུངས་ཀྱི་འགན་འཁུར་བའི་ཐོབ་ཐང་དཔང་ཡིག་དང་ལོ་རྒྱུས་མདོར་བསྡུས། 

བཞིསྡོད་གནས་ཀྱི་དཔང་ཡིག 

ལྔ།ལས་སྒོ་གཙོ་སྐྱོང་སྡེ་ཚན་གྱིས་ཀྲུང་གོའི་ནང་ལོགས་ས་ཁུལ་དུ་འཐུས་ཚབ་ལས་ཁུངས་འཛུགས་པར་མོས་མཐུན་བྱས་པའི་ཡིག་ཆ། 

        ཐོ་འགོད་དོ་དམ་ལས་ཁུངས་ཀྱིས་གོང་གསལ་ནང་གསེས་དོན་ཚན་ནང་བཀོད་པའི་སྤྱོད་གོ་ཆོད་པའི་ཡིག་ཆ་ཚང་མ་འབྱོར་ཉིན་ནས་བཟུང་ཉིན་60ནང་ཚུན་ཐོ་འགོད་བྱས་ཆོག་མིན་ཐག་གཅོད་དགོས། ཐོ་འགོད་བྱས་ཆོག་རིགས་ལ་རྒྱལ་ཁོངས་ཕྱིའི་ཐེབས་རྩ་ཚོགས་པའི་འཐུས་ཚབ་ལས་ཁུངས་ཀྱི་ཐོ་འགོད་དཔང་ཡིག་སྤྲོད་རྒྱུ་དང་། ཐོ་འགོད་མ་བྱས་ན།ཡིག་ཐོག་ནས་རྒྱུ་མཚན་གསལ་བཤད་བྱ་དགོས། 

 

མངའ་ཁོངས་ཕྱི་རོལ་གྱི་ཐེབས་རྩ་ཚོགས་པའི་འཐུས་ཚབ་ལས་ཁུངས་འཛུགས་པའི་ཐོ་འགོད་ཀྱི་དོན་ཚན་ནང་དུ་མིང་དང་།སྡོད་གནས།སྤྱི་ཕན་བྱེད་སྒོ་བཅས་ཀྱི་ལས་སྒོའི་ཁྱབ་ཁོངས་ཀྱི་སྡོམ་འགན་འཁུར་བ་ཚུད་ཡོད། 

 

མངའ་ཁོངས་ཕྱི་རོལ་གྱི་ཐེབས་རྩ་ཚོགས་པའི་འཐུས་ཚབ་ལས་ཁུངས་ཀྱིས་ཀྲུང་གོའི་སྤྱི་ཕན་ལས་དོན་གྱི་ངོ་བོ་དང་མཐུན་པའི་སྤྱི་ཕན་བྱེད་སྒོ་སྤེལ་དགོས། རྒྱལ་ཁོངས་ཕྱིའི་ཐེབས་རྩ་ཚོགས་པས་ཀྲུང་གོའི་ནང་ལོགས་ས་ཁུལ་དུ་ཡོད་པའི་རང་གི་འཐུས་ཚབ་ལས་ཁུངས་ཀྱི་དམངས་དོན་བྱ་སྤྱོད་ལ་ཀྲུང་གོའི་བཅའ་ཁྲིམས་ལྟར་དམངས་དོན་འགན་འཁྲི་འཁུར་དགོས། 

 

དོན་ཚན་བཅུ་བཞི་པ། ཐེབས་རྩ་ལྷན་ཚོགས་དང་རྒྱལ་ཁོངས་ཕྱིའི་ཐེབས་རྩ་ལྷན་ཚོགས་ཀྱི་འཐུས་ཚབ་ལས་ཁུངས་ཀྱིས་སྲོལ་ཡིག་འདི་གཞིར་བཟུང་ཐོ་འགོད་བྱས་རྗེས་ཁྲིམས་ལྟར་ཁྲལ་དོན་ཐོ་འགོད་བྱེད་དགོས། 

 

ཐེབས་རྩ་ལྷན་ཚོགས་དང་རྒྱལ་ཁོངས་ཕྱིའི་ཐེབས་རྩ་ཚོགས་པའི་འཐུས་ཚབ་ལས་ཁུངས་ཀྱིས་ཐོ་འགོད་ལག་ཁྱེར་ལ་བརྟེན་ནས་ཁྲིམས་ལྟར་རྩ་འཛུགས་སྒྲིག་གཞིའི་ཚབ་ཨང་དང་།ཐེལ་ཙེ་བརྐོ་བཟོ་དང་དངུལ་ཁང་གི་ཐོ་ཁོངས་འཛུགས་རེ་ཞུ་དགོས། 

 

ཐེབས་རྩ་ལྷན་ཚོགས་དང་རྒྱལ་ཁོངས་ཕྱིའི་ཐེབས་རྩ་ཚོགས་པའི་འཐུས་ཚབ་ལས་ཁུངས་ཀྱིས་རྩ་འཛུགས་སྒྲིག་གཞིའི་ཚབ་ཨང་དང་།ཐམ་གའི་བཟོ་དབྱིབས་།དངུལ་ཁང་གི་ཐོ་ཨང་།ཁྲལ་དོན་ཐོ་འགོད་ལག་ཁྱེར་བཅས་ཀྱི་པར་མ་ཐོ་འགོད་དོ་དམ་ལས་ཁུངས་ལ་ཐོ་འགོད་སྙན་སེང་ཞུ་དགོས།

 

དོན་ཚན་བཅོ་ལྔ་པ། ཐེབས་རྩ་ལྷན་ཚོགས་དང་།ཐེབས་རྩ་ལྷན་ཚོགས་ཀྱི་ཡན་ལག་ལས་ཁུངས།ཐེབས་རྩ་ལྷན་ཚོགས་ཀྱི་འཐུས་ཚབ་ལས་ཁུངས་བཅས་ཀྱིས་སྡོམ་རྒྱལ་ཁོངས་ཕྱིའི་ཐེབས་རྩ་ལྷན་ཚོགས་ཀྱི་འཐུས་ཚབ་ལས་ཁུངས་ལ་ཐོ་འགོད་བྱས་པའི་དོན་དག་བསྒྱུར་དགོས་བྱུང་ན།ཐོ་འགོད་དོ་དམ་ལས་ཁུངས་ལ་བསྒྱུར་རིགས་ཐོ་འགོད་ཡོང་རེ་ཞུ་དགོས།

 ཐེབས་རྩ་ལྷན་ཚོགས་ཀྱིས་སྒྲིག་ཡིག་བཟོ་བཅོས་བྱེད་སྐབས་དེའི་ལས་སྒོ་གཙོ་སྐྱོང་སྡེ་ཚན་གྱི་མོས་མཐུན་ཐོབ་པ་བྱ་དགོས་པ་མ་ཟད་ཐོ་འགོད་དོ་དམ་ལས་ཁུངས་ལ་ཞིབ་བཤེར་ཆོག་མཆན་ཡང་ཞུ་དགོས། 

 

དོན་ཚན་བཅུ་དྲུག་པ། ཐེབས་རྩ་ལྷན་ཚོགས་དང་།རྒྱལ་ཁོངས་ཕྱིའི་ཐེབས་རྩ་ཚོགས་པའི་འཐུས་ཚབ་ལས་ཁུངས་ལ་གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན།ཐོ་འགོད་དོ་དམ་ལས་ཁུངས་ལ་ཐོ་ཁོངས་ནས་བསུབ་རྒྱུའི་ཐོ་འགོད་ཡོང་རེ་ཞུ་དགོས་པ་སྟེ། 

གཅིགསྒྲིག་ཡིག་གི་གཏན་འཁེལ་ལྟར་མཇུག་སྒྲིལ་བ།

 གཉིས།སྒྲིག་ཡིག་གི་གཏན་འཁེལ་ནང་འཁོད་དམིགས་ཡུལ་ལྟར་སྤྱི་ཕན་བྱེད་སྒོ་སྤེལ་ཐབས་བྲལ་བ། 

གསུམརྒྱུ་མཚན་གཞན་དག་གི་དབང་གིས་མཚམས་འཇོག་པའི་རིགས།

 

དོན་ཚན་བཅུ་བདུན་པ། ཐེབས་རྩ་ལྷན་ཚོགས་ཀྱིས་དེའི་ཡན་ལག་ལས་ཁུངས་དང་འཐུས་ཚབ་ལས་ཁུངས་ཕྱིར་འཐེན་བྱས་ན།ཐོ་འགོད་དོ་དམ་ལས་ཁུངས་ལ་ཡན་ལག་ལས་ཁུངས་དང་འཐུས་ཚབ་ལས་ཁུངས་ཐོ་ཁོངས་ནས་བསུབ་རྒྱུའི་ཐོ་འགོད་བྱ་དགོས། ཐེབས་རྩ་ལྷན་ཚོགས་ཀྱིས་ཐོ་ཁོངས་ནས་སུབ་ན།དེའི་ཡན་ལག་ལས་ཁུངས་དང་འཐུས་ཚབ་ལས་ཁུངས་ཀྱིས་དུས་མཚུངས་སུ་ཐོ་ཁོངས་ནས་བསུབ་རྒྱུ། 

དོན་ཚན་བཅོ་བརྒྱད་པ། ཐེབས་རྩ་ལྷན་ཚོགས་ཀྱིས་ཐོ་ཁོངས་ནས་བསུབ་རྒྱུའི་འགྲོ་ལུགས་མ་འགྲིམས་གོང་ཐོ་འགོད་དོ་དམ་ལས་ཁུངས་དང་ལས་སྒོ་གཙོ་སྐྱོང་སྡེ་ཚན་གྱི་ཁྲིད་སྟོན་འོག་ཞིབ་རྩིས་རྩ་འཛུགས་ཚུགས་པ་བྱས་ཏེ་ཞིབ་རྩིས་རྒྱག་པའི་ལས་ཀ་ལེགས་འགྲུབ་བྱ་དགོས། 

 

ཐེབས་རྩ་ལྷན་ཚོགས་ཀྱིས་ཞིབ་རྩིས་བརྒྱབ་ཚར་ཉིན་ནས་བཟུང་གི་ཉིན་བཅོ་ལྔའི་ནང་ཚུན་ཐོ་འགོད་དོ་དམ་ལས་ཁུངས་ལ་ཐོ་ཁོངས་ནས་བསུབ་པའི་ཐོ་འགོད་བྱ་དགོས། ཞིབ་རྩིས་རྒྱག་རིང་གཙང་རྩིས་རྒྱག་རྒྱུ་ཕུད་པའི་བྱེད་སྒོ་སྤེལ་མི་ཆོག 

 

དོན་ཚན་བཅུ་དགུ་པ། ཐེབས་རྩ་ལྷན་ཚོགས་དང་།ཐེབས་རྩ་ལྷན་ཚོགས་ཀྱི་ཡན་ལག་ལས་ཁུངས།ཐེབས་རྩ་ལྷན་ཚོགས་ཀྱི་འཐུས་ཚབ་ལས་ཁུངས་དང་དེ་བཞིན་མངའ་ཁོངས་ཕྱི་རོལ་གྱི་ཐེབས་རྩ་ལྷན་ཚོགས་ཀྱི་འཐུས་ཚབ་ལས་ཁུངས་གསར་འཛུགས་དང་།བསྒྱུར་བཅོས།ཐོ་ཁོངས་ནས་བསུབ་རྒྱུ་བཅས་ཀྱི་ཐོ་འགོད་ནི་ཐོ་འགོད་དོ་དམ་ལས་ཁུངས་ཀྱིས་སྤྱི་ཚོགས་ལ་སྤྱི་བསྒྲགས་བྱ་རྒྱུ། 

 

ལེའུ་གསུམ་པ།   རྩ་འཛུགས་ལས་ཁུངས།

དོན་ཚན་ཉི་ཤུ་་བ།  ཐེབས་རྩ་ལྷན་ཚོགས་སུ་ལས་འཛིན་ལྷན་ཚོགས་འཛུགས་རྒྱུ་དང་།ལས་འཛིན་པ་མི་5ནས་25བར་དང་།ལས་འཛིན་པའི་འགན་འཛིན་ཡུན་ཚད་སྒྲིག་ཡིག་གིས་གཏན་འཁེལ་བྱ་རྒྱུ། ལས་འཛིན་པའི་འགན་འཛིན་ཡུན་ཚད་ཐིམ་རྗེས་བསྐྱར་དུ་བདམས་ན་མུ་མཐུད་ནས་འགན་འཛིན་བྱས་ཆོག 

 

སྒེར་གྱི་རྒྱུ་ནོར་སྤྱད་དེ་བཙུགས་པའི་ཡོངས་བསྒྲགས་མིན་པའི་ཞལ་འདེབས་ཐེབས་རྩ་ལྷན་ཚོགས་ཕན་ཚུན་བར་གཉེན་ཉེ་ལྟ་བུའི་འབྲེལ་བ་ཡོད་པའི་ཐེབས་རྩ་ལྷན་ཚོགས་ཀྱི་ལས་འཛིན་པར།བསྡོམས་འབོར་ལས་འཛིན་པའི་བསྡོམས་འབོར་གྱི་གསུམ་ཆ་གཅིག་ལས་བརྒལ་མི་ཆོག ཐེབས་རྩ་ལྷན་ཚོགས་གཞན་དག་གི་གཉེན་ཉེའི་འབྲེལ་བ་ཡོད་རིགས་ཀྱིས་དུས་གཅིག་ཏུ་ལས་འཛིན་ལྷན་ཚོགས་སུ་ལས་གནས་བཟུང་མི་ཆོག

 

ཐེབས་རྩ་ལྷན་ཚོགས་ནས་ཐོབ་ཆ་ལེན་པའི་ལས་འཛིན་ནི་ལས་འཛིན་པའི་མི་གྲངས་བསྡོམས་འབོར་གྱི་གསུམ་ཆ་གཅིག་ལས་བརྒལ་མི་ཆོག

 

 ལས་འཛིན་ལྷན་ཚོགས་སུ་ལས་འཛིན་འགོ་གཙོ་དང་ལས་འཛིན་པའི་འགོ་འཛིན་གཞོན་པའི་སྡོམ་ཀྱི་དྲུང་ཡིག་ཆེན་མོ་བསྐོ་འཛུགས་བྱ་རྒྱུ་དང་།ལས་འཛིན་པའི་ནང་ནས་འདེམས་ཐོན་བྱ་རྒྱུ།ལས་འཛིན་པའི་འགོ་འཛིན་ནི་ཐེབས་རྩ་ལྷན་ཚོགས་ཀྱི་ཁྲིམས་བཀོད་འཐུས་ཚབ་ཡིན། 

 

དོན་ཚན་ཉེར་གཅིག་པ། ལས་འཛིན་ལྷན་ཚོགས་ནི་ཐེབས་རྩ་ཚོགས་པའི་ཇུས་ཐག་གཅོད་པའི་ལས་ཁུངས་ཡིན་ཞིང་།ཁྲིམས་ལྟར་སྒྲིག་ཡིག་གི་གཏན་འཁེལ་བྱེད་པའི་འགན་དབང་སྤྱོད་རྒྱུ། 

 

ལོ་རེར་ལས་འཛིན་ལྷན་ཚོགས་ཀྱིས་ཉུང་མཐར་ཡང་གྲོས་ཚོགས་ཐེངས་གཉིས་རེ་འཚོག་རྒྱུ། ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ངེས་པར་དུ་གསུམ་ཆ་གཉིས་ཡན་གྱི་ལས་འཛིན་ཚོགས་འདུར་ཞུགས་ན་གཞི་ནས་འཚོགས་ཆོག་པ་དང་། ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་དེ་ངེས་པར་དུ་ཚོགས་འདུར་ཞུགས་པའི་ལས་འཛིན་པའི་ཕྱེད་ཀ་ལས་བརྒལ་ན་ད་གཟོད་ནུས་པ་ཡོད། 

 

གཤམ་གསལ་དོན་ཚན་གལ་ཆེན་རྣམས་ཀྱི་གྲོས་ཆོད་ལ་ངེས་པར་དུ་ལས་འཛིན་པས་བརྡས་ཐག་གཅོད་པར་ཞུགས་དགོས་པ་དང་།གསུམ་ཆ་གཉིས་ཡན་གྱི་གྲོས་འཆམ་བྱུང་ན་ད་གཟོད་རྩིས་འགྲོ་ཡོད། 

གཅིགསྒྲིག་ཡིག་བཟོ་བཅོས་རྒྱག་པ།

 གཉིས།ལས་འཛིན་པའི་འགོ་འཛིན་དང་།ལས་འཛིན་པའི་འགོ་འཛིན་གཞོན་པ།དྲུང་ཡིག་ཆེན་མོ་བཅས་འདེམས་བསྐོའམ་གནས་དབྱུང་གཏོང་རྒྱུ། 

གསུམ།སྒྲིག་ཡིག་གཏན་འཁེལ་གི་ཞལ་འདེབས་དང་མ་དངུལ་འཇོག་པའི་བྱེད་སྒོ་གལ་ཆེན། 

བཞི།ཐེབས་རྩ་ལྷན་ཚོགས་ཁ་གྱེས་ཟུར་འཛུགས་དང་ཟླ་སྒྲིལ་གཏོང་བ།

 

ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཀྱིས་ཚོགས་འདུའི་ཟིན་ཐོ་བཟོ་བ་བྱ་དགོས་པ་མ་ཟད།ལས་འཛིན་པས་གཟིགས་ཞིབ་དང་མིང་རྟགས་འགོད་རྒྱུ། 

 

དོན་ཚན་ཉེར་གཉིས་པ། ཐེབས་རྩ་ཚོགས་པར་ལྟ་ཞིབ་པ་བསྐོ་རྒྱུ། ལྟ་ཞིབ་པའི་འགན་འཛིན་ཡུན་ཚད་དང་ལས་འཛིན་པའི་འགན་འཛིན་ཡུན་ཚད་གཅིག་མཚུངས་ཡིན། ལས་འཛིན་པ་དང་ལས་འཛིན་པའི་གཉེན་ཉེ་སྡོམ་ཐེབས་རྩ་ལྷན་ཚོགས་ཀྱི་ནོར་དོན་མི་སྣས་ལྟ་ཞིབ་པའི་འགན་གཅིག་ལྕོགས་སུ་ཁུར་མི་ཆོག 

 

ལྟ་ཞིབ་པས་སྒྲིག་ཡིག་གཏན་འཁེལ་གི་གོ་རིམ་ལྟར་ཐེབས་རྩ་ཚོགས་པའི་ནོར་དོན་སྡོམ་རྩིས་གཉེར་དཔྱད་ཡིག་ལ་ཞིབ་བཤེར་བྱ་རྒྱུ་དང་།ལས་འཛིན་ལྷན་ཚོགས་ཀྱིས་བཅའ་ཁྲིམས་སྡོམ་ཀྱི་སྒྲིག་ཡིག་བརྩི་སྲུང་བྱས་ཚུལ་ལ་ལྟ་སྐུལ་བྱ་རྒྱུ། 

 

ལྟ་ཞིབ་པ་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་སུ་ཟུར་ཞུགས་བྱས་ཡོད་ན།ལས་འཛིན་ལྷན་ཚོགས་ལ་འདྲི་རྩད་སྡོམ་བྱ་རྒྱུའི་གྲོས་འགོ་འདོན་དབང་ཡོད་པ་མ་ཟད།ཐོ་འགོད་དོ་དམ་ལས་ཁུངས་དང་།ལས་སྒོ་གཙོ་སྐྱོང་སྡེ་ཚན།ཁྲལ་དོན་དང་རྩིས་གཉེར་གཙོ་སྐྱོང་སྡེ་ཁག་བཅས་ལ་གནས་ཚུལ་སྙན་སེང་ཞུ་དགོས། 

 

དོན་ཚན་ཉེར་གསུམ་པ། ཐེབས་རྩ་ལྷན་ཚོགས་ཀྱི་ལས་འཛིན་འགོ་གཙོ་དང་ལས་འཛིན་འགོ་གཙོ་གཞོན་པའི་སྡོམ་གི་དྲུང་ཡིག་ཆེན་མོ་བཅས་ནི་ད་ལྟ་འཁུར་བཞིན་པའི་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣས་གཅིག་ལྕོགས་བྱས་མི་ཆོག ཐེབས་རྩ་ཚོགས་པའི་ཁྲིམས་བཀོད་འཐུས་ཚབ་པས་དུས་གཅིག་ཏུ་རྩ་འཛུགས་གཞན་དག་གི་ཁྲིམས་བཀོད་འཐུས་ཚབ་པ་བྱས་མི་ཆོག ཡོངས་བསྒྲགས་ཞལ་འདེབས་ཐེབས་རྩ་ལྷན་ཚོགས་ཀྱི་སྡོམ་གདོད་མའི་ཐེབས་རྩ་ནི་ཀྲུང་གོའི་ནང་སའི་ཡོངས་བསྒྲགས་སུ་བསྡུ་རུབ་མི་བྱེད་པའི་ཐེབས་རྩ་ལྷན་ཚོགས་ཀྱི་ཁྲིམས་བཀོད་འཐུས་ཚབ་ཡིན་ཞིང་།དེའི་འགན་ནང་སའི་ཡུལ་མིས་འཁུར་དགོས། 

 

བྱས་ཉེས་བསགས་པའི་རྐྱེན་གྱིས་རྩིས་སྤྲོད་དོ་དམ་དང་། བཙན་ཉར་ལས་བསྐུལ་ལམ་ཡང་ན་དུས་བཙོན། ཁྲིམས་ཆད་འཁུར་ཡུན་རྫོགས་ཉིན་ནས་ལོ་ལྔ་ཟིན་མེད་རིགས། བྱས་ཉེས་བསགས་པའི་རྐྱེན་གྱིས་ཆབ་སྲིད་ཀྱི་ཁེ་དབང་བཙན་འཕྲོག་གི་ཉེས་ཆད་ཕོག་པའི་རྐྱེན་གྱིས་ལག་བསྟར་བྱེད་བཞིན་པའི་སྐབས་སམ་ཆབ་སྲིད་ཀྱི་ཁེ་དབང་བཙན་འཕྲོག་གི་ཉེས་ཆད་ཕོག་མྱོང་རིགས། དེ་བཞིན་དེ་སྔ་ཁྲིམས་དང་འགལ་བའི་དབང་གིས་ཕྱིར་འཐེན་ཐོ་འགོད་བྱས་པའི་ཐེབས་རྩ་ལྷན་ཚོགས་ཀྱི་ལས་འཛིན་འགོ་གཙོ་དང་ལས་འཛིན་འགོ་གཙོ་གཞོན་པའམ་ཡང་ན་དྲུང་ཡིག་ཆེན་མོ་བཅས་ཀྱི་འགན་འཁུར་མྱོང་བ་མ་ཟད།ཐེབས་རྩ་ལྷན་ཚོགས་དེའི་ཁྲིམས་འགལ་བྱ་སྤྱོད་ལ་མི་སྒེར་གྱིས་ཁག་འགན་འཁུར་དགོས་ཤིང་།ཐེབས་རྩ་ལྷན་ཚོགས་དེ་ཉིད་ཕྱིར་འཐེན་བྱས་ཉིན་ནས་བཟུང་ལོ་ལྔ་ཟིན་མེད་རིགས་ཀྱིས་ཐེབས་རྩ་ལྷན་ཚོགས་ཀྱི་ལས་འཛིན་འགོ་གཙོ་དང་ལས་འཛིན་འགོ་གཙོ་གཞོན་པའམ་ཡང་ན་དྲུང་ཡིག་ཆེན་མོ་བཅས་ཀྱི་འགན་ཁུར་མི་ཆོག 

 

ཐེབས་རྩ་ལྷན་ཚོགས་ཀྱི་ལས་འཛིན་ལ་སྒེར་གྱི་ཁེ་ཕན་དང་ཐེབས་རྩ་ལྷན་ཚོགས་ཀྱི་ཁེ་ཕན་འབྲེལ་བ་ཡོད་སྐབས་འབྲེལ་ཡོད་དོན་དག་གི་ཐབས་ཇུས་ནང་ཞུགས་མི་ཆོག ཐེབས་རྩ་ལྷན་ཚོགས་ཀྱི་ལས་འཛིན་པ་དང་།ལྟ་ཞིབ་པ།དེའི་གཉེན་ཉེ་བཅས་ཀྱིས་སོ་སོ་གནས་སའི་ཐེབས་རྩ་ལྷན་ཚོགས་ལ་ཉོ་ཚོང་གི་བྱ་སྤྱོད་གང་ཡང་སྤེལ་མི་ཆོག 

 

ལྟ་ཞིབ་པའི་སྡོམ་གིས་ཐེབས་རྩ་ལྷན་ཚོགས་སུ་ཆེད་ལས་ལས་ཀའི་འགན་འཁུར་མེད་པའི་ལས་འཛིན་པར་ཐེབས་རྩ་ལྷན་ཚོགས་ནས་ཐོབ་ཆ་བླངས་མི་ཆོག

 

དོན་ཚན་ཉེར་བཞི་པ། ཐེབས་རྩ་ལྷན་ཚོགས་ཀྱི་ལས་འཛིན་འགོ་གཙོ་དང་ལས་འཛིན་འགོ་གཙོ་གཞོན་པའམ་ཡང་ན་དྲུང་ཡིག་ཆེན་མོའི་འགན་འཁུར་བའི་ཞང་ཀང་གི་ཡུལ་མི་དང་།ཨའོ་མོན་གྱི་སྡོད་དམངས།ཐའེ་ཝན་གྱི་སྡོད་དམངས།ཕྱི་རྒྱལ་གྱི་མི་དང་དེ་བཞིན་རྒྱལ་ཁོངས་ཕྱིའི་ཐེབས་རྩ་ཚོགས་པའི་འཐུས་ཚབ་ལས་ཁུངས་བཅས་ཀྱི་འགན་འཁུར་བས་ལོ་རེར་ཀྲུང་གོའི་ནང་ལོགས་ས་ཁུལ་དུ་སྡོད་པའི་དུས་ཚོད་ཟླ་གསུམ་ལས་ཐུང་མི་རུང་། 

 

 

ལེའུ་བཞི་བ། རྒྱུ་ནོར་དོ་དམ་དང་བེད་སྤྱོད།

དོན་ཚན་ཉེར་ལྔ་པ། ཐེབས་རྩ་ལྷན་ཚོགས་ཀྱིས་ཞལ་འདེབས་བསྡུ་བ་དང་ཞལ་འདེབས་རྒྱག་རྒྱུ་སྒྲིག་འཛུགས་བྱེད་སྐབས་སྒྲིག་ཡིག་གི་གཏན་འཁེལ་ནང་འཁོད་དམིགས་ཡུལ་དང་མཐུན་ཞིང་སྡོམ་ཀྱི་སྤྱི་ཕན་བྱེད་སྒོ་སྤེལ་བའི་ལས་སྒོའི་ཁྱབ་ཁོངས་དང་མཐུན་དགོས། མངའ་ཁོངས་ཕྱི་རོལ་གྱི་ཐེབས་རྩ་ཚོགས་པའི་འཐུས་ཚབ་ལས་ཁུངས་ཀྱིས་ཀྲུང་གོའི་མངའ་ཁོངས་ནང་ཞལ་འདེབས་སློང་བའི་སྒྲིག་འཛུགས་དང་དང་ལེན་བྱས་མི་ཆོག 

 

ཡོངས་བསྒྲགས་སུ་ཞལ་འདེབས་བསྡུ་བའི་ཐེབས་རྩ་ལྷན་ཚོགས་ཀྱིས་ཞལ་འདེབས་བསྡུ་བའི་སྒྲིག་འཛུགས་བྱེད་སྐབས་སྤྱི་ཚོགས་ལ་ཞལ་འདེབས་བསྡུས་ཟིན་པའི་མ་དངུལ་བྱུང་རྗེས་སྤེལ་རྩིས་ཡོད་པའི་སྤྱི་ཕན་བྱེད་སྒོའི་སྡོམ་ཀྱི་མ་དངུལ་བཀོལ་སྤྱོད་འཆར་གཞི་ཞིབ་ཕྲ་སྤྱི་བསྒྲགས་བྱ་དགོས། 

 

དོན་ཚན་ཉེར་དྲུག་པ།ཐེབས་རྩ་ལྷན་ཚོགས་དང་དེའི་ཞལ་འདེབས་རྒྱག་མཁན་དང་ཕན་ཆ་ཐོབ་མཁན་གྱིས་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འཁེལ་ལྟར་ཁྲལ་བསྡུའི་གཟིགས་སྐྱོང་ལོངས་སུ་སྤྱོད་རྒྱུ། 

 

དོན་ཚན་ཉེར་བདུན་པ།ཐེབས་རྩ་ལྷན་ཚོགས་ཀྱི་རྒྱུ་ནོར་དང་ཡོང་འབབ་གཞན་དག་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱ་རྒྱུ་ཡིན་པས།སྡེ་ཚན་གང་ཞིག་དང་སྡོམ་མི་སྒེར་སུ་ཞིག་གིས་ཀྱང་ལྐོག་བགོ་དང་།ཧམ་བཟུང་།གཞན་སྤྱོད་བཅས་བྱས་མི་ཆོག

 

 ཐེབས་རྩ་ལྷན་ཚོགས་ཀྱིས་སྒྲིག་ཡིག་གི་གཏན་འཁེལ་ནང་འཁོད་དམིགས་ཡུལ་ལ་གཞིགས་ཏེ་སྤྱི་ཕན་བྱེད་སྒོའི་ལས་སྒོའི་ཁྱབ་ཁོངས་ནང་དེའི་རྒྱུ་ནོར་བེད་སྤྱོད་བྱ་དགོས་པ། ཞལ་འདེབས་རྒྱག་པའི་གྲོས་མཐུན་ནང་ཞིབ་ཕྲ་བེད་སྤྱོད་བྱེད་སྟངས་ཁ་གསལ་བཟོས་ནས་ཞལ་འདེབས་རྒྱག་པའི་གྲོས་མཐུན་གྱི་ཁ་ཆད་ལྟར་སྤྱོད་རྒྱུ། 

 

ཞལ་འདེབས་རྒྱག་རྒྱུའི་དངོས་རྫས་རྣམས་སོ་སོའི་དམིགས་ཡུལ་དང་མཐུན་པའི་སྤྱོད་སྒོར་སྤྱོད་ཐབས་བྲལ་ཚེ་ཐེབས་རྩ་ལྷན་ཚོགས་ཀྱིས་ཁྲིམས་ལྟར་ཕམ་ཚོང་ངམ་འཚོང་སྒྱུར་བྱས་ནས་ཡོང་འབབ་ཐོབ་པ་དག་ཞལ་འདེབས་རྒྱག་རྒྱུའི་དམིགས་ཡུལ་དུ་བྱེད་ཆོག 

དོན་ཚན་ཉེར་བརྒྱད་པ། ཐེབས་རྩ་ལྷན་ཚོགས་ཀྱིས་ཁྲིམས་མཐུན་དང་།བདེ་འཇགས།ཕན་ནུས་ལྡན་པ་བཅས་ཀྱི་རྩ་དོན་ལྟར་ཐེབས་རྩའི་རིན་ཐང་བརྟན་སྲུང་དང་གནས་ཐང་འཕར་བར་བྱ་དགོས། 

 

དོན་ཚན་ཉེར་དགུ་པ། ཡོངས་བསྒྲགས་བསྡུ་ལེན་ཐེབས་རྩ་ལྷན་ཚོགས་ཀྱིས་ལོ་རེར་སྒྲིག་ཡིག་གི་གཏན་འཁེལ་གཉེར་བའི་སྤྱི་ཕན་བྱ་གཞག་ཐད་ཀྱི་གཏོང་སྒོ་དེ་ལོ་གོང་མའི་ཡོང་འབབ་བསྡོམས་འབོར་གྱི་བརྒྱ་ཆ་70ལས་ཉུང་མི་རུང་། ཡོངས་བསྒྲགས་སུ་ཞལ་འདེབས་བསྡུ་བ་མ་ཡིན་པའི་ཐེབས་རྩ་ལྷན་ཚོགས་ཀྱིས་ལོ་རེར་སྒྲིག་ཡིག་གི་གཏན་འཁེལ་གཉེར་བའི་སྤྱི་ཕན་བྱ་གཞག་ཐད་ཀྱི་གཏོང་སྒོ་དེ་ལོ་གོང་མའི་ཐེབས་རྩའི་ལྷག་གྲངས་ཀྱི་བརྒྱ་ཆ་8ལས་དམའ་མི་རུང་། 

 

ཐེབས་རྩ་ཚོགས་པའི་ལས་དོན་མི་སྣའི་གླ་ཕོགས་དང་།ཕན་བདེ།སྡོམ་བཅས་ཀྱི་སྲིད་འཛིན་གཞུང་ལས་ཐད་ཀྱི་གཏོང་སྒོ་དེ་ལོ་དེའི་སྤྱིའི་གཏོང་སྒོའི་10%ལས་བརྒལ་མི་ཆོག 

 

དོན་ཚན་སུམ་ཅུ་པ། ཐེབས་རྩ་ལྷན་ཚོགས་ཀྱིས་སྤྱི་ཕན་རོགས་དངུལ་གྱི་རྣམ་གྲངས་སྤེལ་སྐབས།སྤེལ་བའི་སྤྱི་ཕན་རོགས་དངུལ་གྱི་རྣམ་གྲངས་དང་དེ་བཞིན་རེ་ཞུ་དང་ཞིབ་དཔྱད་ཀྱི་གོ་རིམ་སྤྱི་ཚོགས་ལ་སྤྱི་བསྒྲགས་བྱ་དགོས། 

 

དོན་ཚན་སོ་གཅིག་པ། ཐེབས་རྩ་ལྷན་ཚོགས་ཀྱིས་རོགས་སྐྱོར་བྱ་ཡུལ་དང་གྲོས་མཐུན་བཞག་སྟེ་རོགས་དངུལ་སྤྲོད་སྟངས་དང་།རོགས་དངུལ་སྤྲོད་གྲངས།དེ་བཞིན་མ་དངུལ་སྤྱོད་སྒོའི་སྡོམ་བེད་སྤྱོད་བྱེད་སྟངས་བཅས་ཁ་དན་བཞག་ཆོག 

 

ཐེབས་རྩ་ལྷན་ཚོགས་ལ་རོགས་དངུལ་སྤྲོད་ཚུལ་ལ་ལྟ་སྐུལ་བྱེད་དབང་ཡོད། རོགས་སྐྱོར་བྱ་ཡུལ་སྐྱེ་བོས་གྲོས་མཐུན་ནང་གསལ་ཁ་ཆད་ལྟར་རོགས་དངུལ་སྤྲོད་མེད་པའམ་གྲོས་མཐུན་དང་འགལ་བའི་གནས་ཚུལ་གཞན་དག་བྱུང་མེད་ན།ཐེབས་རྩ་ལྷན་ཚོགས་ལ་རོགས་དངུལ་སྤྲོད་པའི་གྲོས་མཐུན་ཕྱིར་འཐེན་བྱེད་དབང་ཡོད། 

 

དོན་ཚན་སོ་གཉིས་པ། ཐེབས་རྩ་ལྷན་ཚོགས་ཀྱིས་རྒྱལ་ཁབ་ཀྱི་རྩིས་གཉེར་ལམ་ལུགས་གཅིག་གྱུར་ལག་བསྟར་བྱ་དགོས་པ་དང་།ཁྲིམས་ལྟར་རྩིས་གཉེར་ཞིབ་རྩིས་རྒྱག་རྒྱུ་དང་།ནང་ཁུལ་གྱི་རྩིས་གཉེར་ལྟ་སྐུལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། 

 

དོན་ཚན་སོ་གསུམ་པ།  ཐེབས་རྩ་ལྷན་ཚོགས་ཀྱི་ཐོ་ཁོངས་ནས་སུབ་རྗེས་ཀྱི་རྒྱུ་ནོར་ལྷག་མ་རྣམས་སྒྲིག་ཡིག་གི་གཏན་འཁེལ་ལྟར་སྤྱི་ཕན་གྱི་དམིགས་ཡུལ་སྒྲུབ་པར་སྤྱོད་དགོས། སྒྲིག་ཡིག་གི་གཏན་འཁེལ་ལྟར་ཐག་གཅོད་བྱེད་ཐབས་མེད་ན།ཐོ་འགོད་དོ་དམ་ལས་ཁུངས་ཀྱིས་ཐེབས་རྩ་ལྷན་ཚོགས་དེའི་ངོ་བོ་དང་དམིགས་ཡུལ་དང་མཚུངས་པའི་སྤྱི་ཚོགས་ཀྱི་སྤྱི་ཕན་རྩ་འཛུགས་ལ་ཞལ་འདེབས་རྒྱག་རྒྱུའི་སྒྲིག་འཛུགས་བྱ་རྒྱུ་མ་ཟད།སྤྱི་ཚོགས་ལ་སྤྱི་བསྒྲགས་ཀྱང་བྱ་རྒྱུ། 

 

ལེའུ་ལྔ་བ།  ལྟ་རྟོག་དོ་དམ།

 དོན་ཚན་སོ་བཞི་པ། ཐེབས་རྩ་ལྷན་ཚོགས་ཐོ་འགོད་དོ་དམ་ལས་ཁུངས་ཀྱིས་གཤམ་གསལ་གྱི་ལྟ་སྐུལ་དོ་དམ་འགན་འཁྲི་བསྒྲུབ་རྒྱུ་སྟེ། 

གཅིགཐེབས་རྩ་ལྷན་ཚོགས་དང་རྒྱལ་ཁོངས་ཕྱིའི་ཐེབས་རྩ་ལྷན་ཚོགས་ཀྱི་འཐུས་ཚབ་ལས་ཁུངས་ལ་ལོ་འཁོར་མོའི་ཞིབ་བཤེར་བྱ་རྒྱུ། 

གཉིས།ཐེབས་རྩ་ལྷན་ཚོགས་དང་རྒྱལ་ཁོངས་ཕྱིའི་ཐེབས་རྩ་ལྷན་ཚོགས་ཀྱི་འཐུས་ཚབ་ལས་ཁུངས་ཀྱིས་སྲོལ་ཡིག་འདི་དང་དེའི་སྒྲིག་ཡིག་ལྟར་བྱེད་སྒོ་སྤེལ་བའི་གནས་ཚུལ་ལ་རྒྱུན་ལྡན་གྱི་ལྟ་སྐུལ་དོ་དམ་བྱ་རྒྱུ། 

གསུམ།ཐེབས་རྩ་ལྷན་ཚོགས་དང་རྒྱལ་ཁོངས་ཕྱིའི་ཐེབས་རྩ་ལྷན་ཚོགས་ཀྱི་འཐུས་ཚབ་ལས་ཁུངས་ཀྱིས་སྲོལ་ཡིག་འདི་དང་འགལ་བའི་བྱ་སྤྱོད་ལ་ཁྲིམས་ལྟར་ཆད་པ་གཅོད་རྒྱུ། 

 

དོན་ཚན་སོ་ལྔ་པ། ཐེབས་རྩ་ལྷན་ཚོགས་ཀྱི་ལས་སྒོ་གཙོ་སྐྱོང་སྡེ་ཚན་གྱིས་གཤམ་གསལ་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་བསྒྲུབ་རྒྱུ་སྟེ། 

གཅིགམཛུབ་ཁྲིད་དང་ལྟ་སྐུལ་ཐེབས་རྩ་ལྷན་ཚོགས་དང་རྒྱལ་ཁོངས་ཕྱིའི་ཐེབས་རྩ་ལྷན་ཚོགས་ཀྱི་འཐུས་ཚབ་སྒྲིག་གཞིས་བཅའ་ཁྲིམས་སྡོམ་ཀྱི་སྒྲིག་ཡིག་ལྟར་སྤྱི་ཕན་བྱེད་སྒོ་སྤེལ་རྒྱུ། 

གཉིས།ཐེབས་རྩ་ལྷན་ཚོགས་དང་རྒྱལ་ཁོངས་ཕྱིའི་ཐེབས་རྩ་ལྷན་ཚོགས་ཀྱི་འཐུས་ཚབ་སྒྲིག་གཞིའི་ལོ་འཁོར་ཞིབ་བཤེར་རགས་ཙམ་བྱེད་འགན་འཁུར་རྒྱུ། 

གསུམ།ཐོ་འགོད་དོ་དམ་ལས་ཁུངས་དང་།ཁྲིམས་འཛིན་སྡེ་ཁག་གཞན་དག་གིས་ཐེབས་རྩ་ལྷན་ཚོགས་དང་རྒྱལ་ཁོངས་ཕྱིའི་ཐེབས་རྩ་ཚོགས་པའི་འཐུས་ཚབ་ལས་ཁུངས་ཀྱི་ཁྲིམས་འགལ་བྱ་སྤྱོད་རྩད་ཞིབ་ཐག་གཅོད་བྱེད་པར་གཞོགས་འདེགས་བྱ་རྒྱུ། 

 

དོན་ཚན་སོ་དྲུག་པ། ཐེབས་རྩ་ལྷན་ཚོགས་དང་རྒྱལ་ཁོངས་ཕྱིའི་ཐེབས་རྩ་ཚོགས་པའི་འཐུས་ཚབ་ལས་ཁུངས་ཀྱིས་ལོ་རེའི་ཟླ་3ཚེས་31ཉིན་གྱི་སྔོན་དུ་ཐོ་འགོད་དོ་དམ་ལས་ཁུངས་ལ་ལོ་གོང་མའི་ལས་ཀའི་སྙན་ཞུ་ཕུལ་ནས་ལོ་འཁོར་ཞིབ་བཤེར་དང་ལེན་བྱ་དགོས། ལོ་འཁོར་གྱི་ལས་དོན་སྙན་ཞུ་ཐོ་འགོད་དོ་དམ་ལས་ཁུངས་ལ་མ་ཕུལ་གོང་ལས་སྒོ་གཙོ་སྐྱོང་སྡེ་ཚན་གྱིས་ཞིབ་བཤེར་བྱས་ནས་མོས་མཐུན་ཡོང་བ་བྱ་དགོས། 

 

ལོ་འཁོར་གྱི་ལས་དོན་སྙན་ཞུའི་ནང་དུ།ནོར་དོན་རྩིས་གཉེར་སྙན་ཞུ་དང་ཐོ་འགོད་གི་རྩིས་པའི་རྩིས་བཤེར་སྙན་ཞུ་དང་།ཞལ་འདེབས་བསྡུ་བ་དང་།ཞལ་འདེབས་དང་ལེན་བྱེད་པ།རོགས་དངུལ་སྤྲོད་པ་སོགས་ཀྱི་བྱེད་སྒོ་སྤེལ་ཚུལ་དང་།དེ་བཞིན་མི་སྣའི་སྡོམ་ལས་ཁུངས་འགྱུར་ལྡོག་བྱུང་ཚུལ་སོགས་ཚུད་དགོས། 

 

དོན་ཚན་སོ་བདུན་པ། ཐེབས་རྩ་ལྷན་ཚོགས་ཀྱིས་ཁྲལ་དོན་དང་རྩིས་གཉེར་གཙོ་སྐྱོང་སྡེ་ཁག་གིས་ཁྲིམས་ལྟར་ལག་ལེན་བསྟར་བའི་ཁྲལ་དོན་ལྟ་སྐུལ་རྩིས་གཉེར་གྱི་ལྟ་སྐུལ་དང་ལེན་བྱ་དགོས། 

 

སྐབས་བརྗེའི་སྡོམ་གྱི་ཁྲིམས་བཀོད་འཐུས་ཚབ་པ་མ་བརྗེས་གོང་ཐེབས་རྩ་ལྷན་ཚོགས་ཀྱིས་ནོར་དོན་ལ་རྩིས་བཤེར་བྱ་དགོས། 

དོན་ཚན་སོ་བརྒྱད་པ། ཐེབས་རྩ་ལྷན་ཚོགས་དང་རྒྱལ་ཁོངས་ཕྱིའི་ཐེབས་རྩ་ལྷན་ཚོགས་ཀྱི་འཐུས་ཚབ་ལས་ཁུངས་ཀྱིས་ཐོ་འགོད་དོ་དམ་ལས་ཁུངས་ཀྱིས་ལོ་འཁོར་ཞིབ་བཤེར་བྱས་རྗེས།ལོ་འཁོར་གྱི་ལས་ཀའི་སྙན་ཞུ་དེ་ཐོ་འགོད་དོ་དམ་ལས་ཁུངས་ཀྱིས་དམིགས་འཛུགས་བྱས་པའི་འཕྲིན་སྦྱོར་ཐོག་སྤྱི་བསྒྲགས་བྱས་ནས་སྤྱི་ཚོགས་ཀྱི་སྤྱི་དམངས་ཀྱི་འདྲི་རྩད་དང་ལྟ་སྐུལ་དང་ལེན་ཞུ་དགོས། 

 

དོན་ཚན་སོ་དགུ་པ། ཞལ་འདེབས་རྒྱག་མཁན་གྱིས་ཐེབས་རྩ་ལྷན་ཚོགས་ལ་ཞལ་འདེབས་རྒྱུ་ནོར་བེད་སྤྱོད་དང་དོ་དམ་བྱས་ཚུལ་འདྲི་རྩད་བྱེད་པ་དང་འབྲེལ་བསམ་འཆར་དང་སྡོམ་ཀྱི་གྲོས་འགོའང་འདོན་དབང་ཡོད། ཞལ་འདེབས་རྒྱག་མཁན་གྱིས་འདྲི་རྩད་བྱས་པར་ཐེབས་རྩ་ལྷན་ཚོགས་ཀྱིས་དུས་ཐོག་ཏུ་ལན་དྲང་པོ་འདེབས་དགོས། 

 

ཐེབས་རྩ་ལྷན་ཚོགས་ཀྱིས་ཞལ་འདེབས་གྲོས་མཐུན་དང་འགལ་ཏེ་ཞལ་འདེབས་རྒྱུ་ནོར་བེད་སྤྱོད་བྱས་ན།ཞལ་འདེབས་རྒྱག་མཁན་ལ་ཞལ་འདེབས་ཐེབས་རྩ་ལྷན་ཚོགས་ཀྱིས་ཞལ་འདེབས་གྲོས་མཐུན་ལ་བརྩི་སྲུང་ཞུ་བའམ་ཡང་ན་མི་དམངས་ཁྲིམས་ཁང་ལ་ཞལ་འདེབས་རྒྱག་པའི་བྱ་སྤྱོད་མེད་པར་བཟོ་བ་དང་ཞལ་འདེབས་རྒྱག་པའི་གྲོས་མཐུན་ཕྱིར་འཐེན་བྱེད་རེ་ཞུ་དབང་ཡོད། 

ལེའུ་དྲུག་པ། ཁྲིམས་འབྲེལ་ཁུར་འཁྲི།

 

དོན་ཚན་བཞི་བཅུ་པ། ཐོ་འགོད་མ་བྱས་པའམ་ཐོ་འགོད་ཕྱིར་འཐེན་བྱས་རྗེས་ཐེབས་རྩ་ལྷན་ཚོགས་དང་།ཐེབས་རྩ་ལྷན་ཚོགས་ཀྱི་ཡན་ལག་ལས་ཁུངས།ཐེབས་རྩ་ལྷན་ཚོགས་ཀྱི་འཐུས་ཚབ་ལས་ཁུངས་སམ་ཡང་ན་རྒྱལ་ཁོངས་ཕྱིའི་ཐེབས་རྩ་ལྷན་ཚོགས་ཀྱི་འཐུས་ཚབ་ལས་ཁུངས་ཀྱི་མིང་ཐོག་ནས་བྱེད་སྒོ་སྤེལ་རིགས་ཐོ་འགོད་དོ་དམ་ལས་ཁུངས་ཀྱིས་རྩིས་མེད་དུ་གཏོང་རྒྱུ་དང་།ཁྲིམས་འགལ་གྱི་རྒྱུ་ནོར་གཞུང་བཞེས་གཏོང་རྒྱུ་དང་འབྲེལ་སྤྱི་ཚོགས་ལ་སྤྱི་བསྒྲགས་བྱ་རྒྱུ། 

 

དོན་ཚན་ཞེ་གཅིག་པ། ཐེབས་རྩ་ལྷན་ཚོགས་དང་།ཐེབས་རྩ་ཚོགས་པའི་ཡན་ལག་ལས་ཁུངས།ཐེབས་རྩ་ཚོགས་པའི་འཐུས་ཚབ་ལས་ཁུངས་སམ་ཡང་ན་རྒྱལ་ཁོངས་ཕྱིའི་ཐེབས་རྩ་ཚོགས་པའི་འཐུས་ཚབ་ལས་ཁུངས་ལ་གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན།ཐོ་འགོད་དོ་དམ་ལས་ཁུངས་ཀྱིས་ཐོ་འགོད་ཕྱིར་འཐེན་བྱ་དགོས་པ་སྟེ། 

གཅིགཐོ་འགོད་རེ་ཞུ་བྱེད་སྐབས་མི་བདེན་རྫུན་སྒྲིག་གིས་ཐོ་འགོད་གཡོ་ལེན་བྱས་པའམ་ཡང་ན་ཐོ་འགོད་ལག་ཁྱེར་ཐོབ་པའི་ཉིན་ནས་བཟུང་གི་ཟླ་12ནང་ཚུན་དུ་སྒྲིག་ཡིག་གི་གཏན་འཁེལ་ལྟར་བྱེད་སྒོ་སྤེལ་མེད་པ། 

གཉིས།ཐོ་ཁོངས་ནས་བསུབ་རྒྱུའི་ཆ་རྐྱེན་དང་མཐུན་པ་དང་།སྲོལ་ཡིག་འདིའི་གཏན་འཁེལ་ལྟར་ཐོ་ཁོངས་ནས་བསུབ་རྒྱུའི་ཐོ་འགོད་མ་བྱས་ཀྱང་སྔར་མུས་བཞིན་བྱེད་སྒོ་སྤེལ་རིགས། 

 

དོན་ཚན་ཞེ་གཉིས་པ། ཐེབས་རྩ་ལྷན་ཚོགས་དང་།ཐེབས་རྩ་ཚོགས་པའི་ཡན་ལག་ལས་ཁུངས།ཐེབས་རྩ་ཚོགས་པའི་འཐུས་ཚབ་ལས་ཁུངས་སམ་ཡང་ན་རྒྱལ་ཁོངས་ཕྱིའི་ཐེབས་རྩ་ཚོགས་པའི་འཐུས་ཚབ་ལས་ཁུངས་ལ་གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན།ཐོ་འགོད་དོ་དམ་ལས་ཁུངས་ཀྱིས་ཐ་ཚིག་སྒྲོག་རྒྱུ་དང་བྱེད་སྒོ་སྤེལ་མཚམས་འཇོག་ཏུ་འཇུག་རྒྱུ། བྱས་ཉེས་ཚབས་ཆེན་ཡིན་ན།ཐོ་འགོད་ཕྱིར་འཐེན་བྱས་ཆོག་པ་སྟེ། 

གཅིགསྒྲིག་ཡིག་གི་གཏན་འཁེལ་ནང་འཁོད་དམིགས་ཡུལ་ལྟར་སྤྱི་ཕན་བྱེད་སྒོ་སྡོམ་བྱེད་པའི་ལས་སྒོའི་ཁྱབ་ཁོངས་སུ་བྱེད་སྒོ་སྤེལ་མེད་པ་དང་།

གཉིས།རྩིས་གཉེར་གྱི་འཛིན་ཡིག་འབྲི་བ་དང་།རྩིས་གཉེར་གྱི་རྩིས་ཐོ་ཐོ་འགོད་བྱེད་པ།ནོར་དོན་རྩིས་གཉེར་གྱི་སྙན་ཞུའི་ནང་མི་བདེན་རྫུན་བསྒྲིགས་བྱེད་པ། 

གསུམ།གཏན་འཁེལ་ལྟར་འགྱུར་བ་བྱུང་རིགས་ཐོ་འགོད་མ་བྱས་པ། 

བཞི།སྲོལ་ཡིག་འདིའི་གཏན་འཁེལ་ལྟར་སྤྱི་ཕན་བྱ་གཞག་གི་གཏོང་སྒོའི་གྲངས་ཚད་མ་བསྒྲུབས་པ། 

ལྔསྲོལ་ཡིག་འདིའི་གཏན་འཁེལ་གཞིར་བཟུང་ལོ་འཁོར་གྱི་ཞིབ་བཤེར་མ་བྱས་པའམ་ཡང་ན་ལོ་འཁོར་གྱི་ཞིབ་བཤེར་ཚད་མ་ལོན་པའི་རིགས།

དྲུགཆ་འཕྲིན་ཁྱབ་བསྒྲགས་ཀྱི་འོས་འགན་མི་སྒྲུབ་པའམ་ཡང་ན་ཆ་འཕྲིན་རྫུན་མ་ཁྱབ་བསྒྲགས་བྱས་རིགས། 

 

ཐེབས་རྩ་ལྷན་ཚོགས་དང་རྒྱལ་ཁོངས་ཕྱིའི་ཐེབས་རྩ་ལྷན་ཚོགས་ཀྱི་འཐུས་ཚབ་སྒྲིག་གཞིར་ནང་གསེས་དོན་ཚན་གོང་མའི་ནང་བཀོད་པའི་བྱ་སྤྱོད་ཡོད་ན།ཐོ་འགོད་དོ་དམ་ལས་ཁུངས་ཀྱིས་ཁྲལ་དོན་ལས་ཁུངས་ལ་ཁྲིམས་འགལ་གྱི་བྱ་སྤྱོད་གནས་པའི་རིང་ལ་ལོངས་སུ་སྤྱོད་པའི་དཔྱ་ཁྲལ་ཆག་ཡང་དང་རྩ་ཆག་གཏོང་འགན་དཀྲི་རོགས་ཞུ་དགོས། 

 

དོན་ཚན་ཞེ་གསུམ་པ། ཐེབས་རྩ་ལྷན་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་ཀྱིས་སྲོལ་ཡིག་འདིའི་སྡོམ་ཀྱི་སྒྲིག་ཡིག་དང་འགལ་ནས་གཏན་འཁེལ་ཇུས་ཐག་གཅོད་སྟངས་འཚམ་པོ་མ་བྱུང་བའི་རྐྱེན་གྱིས་ཐེབས་རྩ་ལྷན་ཚོགས་ལ་རྒྱུ་ནོར་གྱི་གྱོང་གུན་ཕོག་ན་ཇུས་ཐག་གཅོད་པར་ཞུགས་མཁན་ལས་འཛིན་པས་བབ་མཚུངས་ཀྱི་སྐྱིན་ཚབ་སྤྲོད་འགན་འཁུར་དགོས།

 

ཐེབས་རྩ་ལྷན་ཚོགས་ཀྱི་ལས་འཛིན་པ་དང་།ལྟ་ཞིབ་པ།དེ་བཞིན་ཆེད་ལས་ལས་སྒྲུབ་མི་སྣ་བཅས་ཀྱིས་ཐེབས་རྩ་ལྷན་ཚོགས་ཀྱི་རྒྱུ་ནོར་ལྐོག་བགོ་དང་།ཧམ་བཟུང་།གཞན་སྤྱོད་བཅས་བྱས་ན།ཁྲིམས་འགལ་གྱིས་བཟུང་སྤྱོད་བྱས་པའི་རྒྱུ་ནོར་ཕྱིར་སློག་དགོས་པ་དང་། ཉེས་ཚད་ལོན་མཁན་ལ་བཅའ་ཁྲིམས་ལྟར་ཉེས་འགན་བདའ་འདེད་བྱ་རྒྱུ། 

 

དོན་ཚན་ཞེ་བཞི་པ། ཐེབས་རྩ་ལྷན་ཚོགས་དང་།རྒྱལ་ཁོངས་ཕྱིའི་ཐེབས་རྩ་ལྷན་ཚོགས་ཀྱི་འཐུས་ཚབ་ལས་ཁུངས་ལ་བྱེད་སྒོ་སྤེལ་མཚམས་འཇོག་ཏུ་བཅུག་ན།ཐོ་འགོད་དོ་དམ་ལས་ཁུངས་ཀྱིས་དེའི་ཐོ་འགོད་ལག་ཁྱེར་དང་།སྡོམ་ནོར་དོན་དཔང་ཡིག་བཀག་སྡོམ་ཉར་ཚགས་བྱ་རྒྱུ། 

 

དོན་ཚན་ཞེ་ལྔ་པ། ཐོ་འགོད་དོ་དམ་ལས་ཁུངས་དང་།ལས་སྒོ་གཙོ་སྐྱོང་སྡེ་ཚན་གྱི་ལས་བྱེད་མི་སྣས་འགན་དབང་གང་བྱུང་དུ་སྤྱོད་པ་དང་།ཁུར་འཁྲིའི་ལས་འགན་སྣང་མེད་ལྷོད་གཡེང་དུ་གཏོང་བ།ཉེར་ཕྱོགས་གཡོ་ཟོལ་བཅས་བྱས་ནས་ཉེས་ཚད་ལོན་རིགས་ལ་བཅའ་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ་དང་། ཉེས་ཚད་ལོན་མེད་རིགས་ལ་ཁྲིམས་ལྟར་སྲིད་འཛིན་ཐོག་གི་ཆད་པ་གཅོད་རྒྱུ་དང་། 

 

ལེའུ་བདུན་པ། ཞར་བྱུང་།

 

དོན་ཚན་ཞེ་དྲུག་པ།  སྲོལ་ཡིག་འདིའི་ནང་འཁོད་མངའ་ཁོངས་ཕྱི་རོལ་གྱི་ཐེབས་རྩ་ལྷན་ཚོགས་ཞེས་པ་ནི་ཕྱི་རྒྱལ་དང་དེ་བཞིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དང་།ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་བཅས་ཀྱི་སྡོམ་ཡིན་པའི་ཐའེ་ཝན་ས་ཁུལ་གྱི་ཁྲིམས་མཐུན་ཚུགས་པ་ཐེབས་རྩ་ལྷན་ཚོགས་ལ་ཟེར། 

དོན་ཚན་ཞེ་བདུན་པ། ཐེབས་རྩ་ལྷན་ཚོགས་འཛུགས་རྒྱུའི་ཞུ་ཡིག་དང་ཐེབས་རྩ་ལྷན་ཚོགས་ཀྱི་ལོ་འཁོར་ལས་དོན་སྙན་ཞུའི་རྣམ་གཞག་དང་དེ་བཞིན་ཐེབས་རྩ་ལྷན་ཚོགས་ཀྱི་སྒྲིག་ཡིག་བཅས་ཀྱི་མ་དཔེ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམངས་སྲིད་སྡེ་ཁག་གིས་གཏན་འབེབས་བྱ་རྒྱུ། 

 

དོན་ཚན་ཞེ་བརྒྱད་པ། སྲོལ་ཡིག་འདི་2004ལོའི་ཟླ་6ཚེས་1ཉིན་ནས་ལག་བསྟར་བྱ་རྒྱུ་དང་།1988ལོའི་ཟླ་9ཚེས་27ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྱབ་བསྒྲགས་བྱས་པའི་ཐེབས་རྩ་ལྷན་ཚོགས་ཀྱི་དོ་དམ་བྱ་ཐབས་དུས་མཚུངས་སུ་རྩིས་མེད་གཏོང་རྒྱུ། 

 

 

སྲོལ་ཡིག་འདི་ལག་བསྟར་མ་བྱས་གོང་བཙུགས་ཟིན་པའི་ཐེབས་རྩ་ལྷན་ཚོགས་དང་རྒྱལ་ཁོངས་ཕྱིའི་ཐེབས་རྩ་ལྷན་ཚོགས་ཀྱི་འཐུས་ཚབ་ལས་ཁུངས་ཀྱིས་སྲོལ་ཡིག་འདི་ལག་ལེན་བསྟར་ཉིན་ནས་བཟུང་གི་ཟླ་དྲུག་ནང་ཚུན་སྲོལ་ཡིག་འདིའི་གཏན་འཁེལ་ལྟར་ཐོ་འགོད་ལག་ཁྱེར་བརྗེ་སྤྲོད་ཡོང་རེ་ཞུ་དགོས། 


Copyright©2016-2018.AllRightsReservedསི་ཁྲོན་ཞིང་ཆེན་ཁྲིམས་འཛིན་ཐིན།
པར་དབང་ཡོད་པ།སྲིད་གཞུང་དྲ་ཚིགས་ཀྱི་རྟགས་འཛིན་ཨང་གྲངས།:bm13000003
ས་གནས།སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་ཧྲང་ཞང་ལམ་ཨང་རྟགས༢༤བ།
སྦྲགས་ཨང་།:610015ཐོ་འགོད་སྙན་སེང་ཨང་རྟགས།ཧྲུའུ་ICPཟུར༠༥༠༠༡༩༠༨
京公网备案 11010502035692号